གནའ་བྲོ་ཡག གནའ་བྲོ་ཡག མི་ཉག་གནའ་བྲོའི་ལྟད་མོ་ཡག

དཔལ་ལྡན་བཀྲ་ཤིས་ཀྱིས།        2018-04-14

 གནའ་བྲོ་ཡག  གནའ་བྲོ་ཡག མི་ཉག་གནའ་བྲོའི་ལྟད་མོ་ཡག 

  ཟླ་བ4པའི་ཚེས13ཉིན། དར་མདོ་གྲོང་ཁྱེར་བོད་ཡིག་སློབ་འབྲིང་གི་བོད་སྐད་ཡིག་ཁྲིད་དཔྱོད་ཁང་གིས་མི་ཉག་ཡུལ་གྱི་གནའ་བོའི་ཡུལ་སྲོལ་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་ཆེད་སྐབས་དང་པོའི་མི་ཉག་གནའ་བྲོའི་འགྲན་སྡུར་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོ་ནང་ལོ་རིམ་བདུན་པ་དང་ལོ་རིམ་བརྒྱད་པ། མཐོ་འབྲིང་དང་པོ་དང་མཐོ་འབྲིང་གཉིས་པ་བཅས་ཚན་ཆུང་བཞིའི་འཐུས་མི་འཁྲབ་སྟོན་པ180ཞུགས་ཡོད་ཅིང་། 

 གནའ་བྲོ་ཡག  གནའ་བྲོ་ཡག མི་ཉག་གནའ་བྲོའི་ལྟད་མོ་ཡག
གནའ་བྲོ་ཡག  གནའ་བྲོ་ཡག མི་ཉག་གནའ་བྲོའི་ལྟད་མོ་ཡག

  འགྲན་སྡུར་གྱི་བྱེད་སྒོ་ལས་མི་ཉག་གི་གནའ་བྲོ་ལ་རྒྱུས་མངའ་ལྡན་ཞིང་བྲོའི་ཉམས་མྱོང་ཕུན་སུམ་ཚོགས་པའི་དཔྱད་འདེམ་པ་བདུན་གདན་དྲངས་ནས་དྲང་བདེན་དང་དྲང་གཞག་གིས་སྐར་གྲངས་བརྒྱབ་པར་བརྟེན་མཐོ་གཅིག་ཚན་ཆུང་ལ་ཨང་དང་པོ་དང་།མཐོ་གཉིས་ཚན་ཆུང་ལ་ཨང་གཉིས་པ། ལོ་རིམ་བདུན་པ་དང་བརྒྱད་པ་ལ་རྟིང་སྐུལ་བྱ་དགའ་བཅས་ཐོབ་པ་རེད།

  • ལེ་ཚན་སྔོན་མ།:འབའ་སློབ་འབྲིང་གི་དགེ་སློབ་ཚོ་ལ་བསྟོད་བསྟོད་བསྟོད།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་དམངས་སྲིད་ལས་དོན་ཚོགས་འདུ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།