ནས་སོན།

བཙན།        2018-04-12

བདུད་རྩིའི་སྦྲང་ཆར་འབབ་པའི་ཞིམ་ཟས། །

འབད་བརྩོན་སྙིང་ཁྲག་དམར་པོས་བཏབ་པའི། །

འབྲས་མཆོག་ཡིད་བཞིན་བཅུད་ཀྱི་བང་མཛོད། །

དོན་མེད་ཆུད་ཟོས་ཤོར་བའི་སྐྱོ་སྣང་། །

 

འབྲས་མཆོག་ནས་བཟང་སྨིན་པའི་དུས་དེར། །

བཀྲེས་སྐོམ་སྡུག་བསྔལ་སེལ་བའི་ནོར་མཆོག །

ཞིམ་ཟས་ཡིད་བཞིན་སྙིང་གི་བང་མཛོད། །

དོན་མེད་ཆུད་ཟོས་ཤོར་བའི་སྐྱོ་སྣང་། །

 

ཤ་ཁྲག་ཕུང་པོས་གྲུབ་པའི་ཟས་མཆོག །

རྔུལ་ཆུ་ཟིལ་བས་མཛེས་པའི་ཞིང་ས། །

བསོད་ནམས་ལས་ཀྱིས་གནང་བའི་དངོས་གྲུབ། །

དོན་མེད་ཆུད་ཟོས་ཤོར་བའི་སྐྱོ་སྣང་། །

 

དཀའ་སྡུག་རྔུལ་ཆུས་གྲུབ་པའི་ནས་མཆོག །

དབུལ་པོར་བདེ་སྐྱེད་སྩོལ་བའི་ཟས་མཆོག །

འགྲོ་ཀུན་ཡིན་བཞིན་སྙིང་གི་བང་མཛོད། །

དོན་མེད་ཆུད་ཟོས་ཤོར་བའི་སྐྱོ་སྣང་། །


  • ལེ་ཚན་སྔོན་མ།:སྤྲང་པོའི་སེམས་ན་འཛུམ་པའི་ས་བོན།
  • ལེ་ཚན་རྗེས་མ།:སྣང་བའི་ཁྲོད་ཀྱི་ས་བོན།