ལག་པ།

རྟག་བརྟན་འཇམ་དཔལ།        2018-04-12

ལག་པ་ལ་ཐལ་བ་འགོས་པ་ནི་རྒྱུན་ལྡན་ཞིག་ཡིན་མོད།

ཁྱོད་ཀྱི་སྔུན་ན་བརྐྱངས་པ་དག་དེ་ལྟར་མིན།

 

ཉི་མས་བསྲེགས་པའི་ལག་པ་ནི་སུ་ལའང་ཡོད་མོད།

ལུང་པའི་ཁུག་སོ་ན་ཡོད་པ་དག་དེ་ལྟར་མིན།

 

སེར་གས་བཏུམས་པའི་ལག་པ་ནི་ཨར་ལས་པ་ལའང་ཡོད་མོད།

ལོ་གསུམ་བྱིས་པ་དག་ལ་ཡོད་པ་ནི་དེ་ལྟར་མིན།

 

གཉེར་རིས་ལྡན་པའི་ལག་པ་ནི་འཇིག་རྟེན་གྱི་རྟེན་འབྲེལ་ཡིན་མོད།

བཀྲེས་སྐོམ་གྱིས་མནར་བའི་མི་དག་ལ་ཡོད་པ་ནི་དེ་ལྟར་མིན།

 

དེས་ན།

ལག་པ་དག་ལ་བྲིས་པ་ནི་སྙན་ངག་ཞིག་མ་ཡིན་ཏེ།

དེ་ནི་སུས་ཀྱང་བཤད་མི་བཏུབ་པའི་རྣམ་ཐར་ཞིག་གོ །


  • ལེ་ཚན་སྔོན་མ།:སེམས་པས་འཇལ་བའི་ཁྱོར་བ།
  • ལེ་ཚན་རྗེས་མ།:སྤྲང་པོའི་སེམས་ན་འཛུམ་པའི་ས་བོན།