ཉག་རོང་རྫོང་སྲིད་གྲོས་ཀྱིས་བརྟན་བརླིང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་། 

ལས་ཞོར་གསར་འགོད་པ་ཡེ་ཤེས་ལྷ་མོས་བྲིས།        2018-04-12

    ཉེ་ཆར། ཉག་རོང་རྫོང་སྲིད་གྲོས་འགོ་ཁྲིད་ཀྱིས་རྫོང་རིམ་པའི་འབྲེལ་ཡོད་ཚན་ཁག་གི་མི་སྣ་སྒྲིག་འཛུགས་བྱས་ནས་འབྲེལ་འདྲིས་བྱེད་ཡུལ་ལོང་གཤིས་ཤང་དུ་ཕྱིན་ནས་གྲོང་སྡེར་བཅར་སྡོད་བྱེད་པའི་བཀོད་སྒྲིག་ལྟར་སྲིད་གྲོས་ལས་བྱེད་པ་རྣམས་ཐིང་པའི་གྲོང་དང་སྐུ་ལོང་གྲོང་དུ་ཕྱིན་ནས་རྒྱ་ཆེ་བའི་མང་ཚོགས་དང་མཉམ་སྡོད་མཉམ་འཐུང་བྱེད་བཞིན་མང་ཚོགས་ལ་མིག་སྔའི་རང་རྒྱལ་གྱི་སྲིད་ཇུས་དང་ཁྲིམས་ལུགས།  དཔྱིད་རྨོད་གྲ་སྒྲིག་སོགས་ཀྱི་སྐོར་ལ་སློབ་གསོ་དང་དྲིལ་བསྒྲགས། ཁྲིད་སྟོན་བཅས་བྱས་པ་རེད། 

  དེ་ནས་བརྟན་བརླིང་སྲུང་སྐྱོང་ཚོགས་ཆེན་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་མཛད་སྐབས་གནང་པའི་གལ་ཆེ་བའི་གསུང་བཤད་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་པས་མ་ཚད་སི་ཁྲོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་དཀར་མཛེས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ། ཉག་རོང་རྫོང་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་བཅས་ཀྱི་སྙིང་དོན་དྲིལ་བསྒྲགས་གཏིང་ཟབ་བཏང་བ་རེད། དུས་མཉམ་དུ་སྲིད་གྲོས་ལས་བྱེད་པ་རྣམས་རང་རང་སོ་སོའི་ཆ་སྒྲིག་ཉེ་འཚོལ་གྱི་ཉེ་བའི་ཁྱིམ་དུ་སོང་ནས་ཉེན་འགོག་ཐོན་སྐྱེད་ཟབ་ནན་བྱ་ཚུལ་སློབ་གསོ་དང་དབུལ་ཐར་འགག་སྒྲོག་སོགས་དམངས་ཕན་གྱི་སྲིད་ཇུས་དྲིལ་བསྒྲགས་བྱས་པར་མ་ཟད། མང་ཚོགས་ཀྱི་མིག་སྔའི་འཚོ་བའི་བདེ་སྡུག་དང་དཀའ་གནད་ཀྱི་གནས་ཚུལ་བསྡུ་ལེན་བྱས་ནས་རྫོང་སྲིད་གྲོས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་བྱས་ཏེ་དུས་ཐོག་ཏུ་ཐག་གཅོད་བྱས་པས་རྒྱ་ཆེ་བའི་མང་ཚོགས་ཀྱིས་དགའ་བསུ་ཞུས་པ་རེད། 


  • ལེ་ཚན་སྔོན་མ།:ཁམ་བུའི་མེ་ཏོག་བཞད། མཛེས་སྡུག་རྣམ་པར་བཀྲ།
  • ལེ་ཚན་རྗེས་མ།:འབའ་སློབ་འབྲིང་གི་དགེ་སློབ་ཚོ་ལ་བསྟོད་བསྟོད་བསྟོད།
  • དོ་སྣང་ཆེ་བའི་རྩོམ།