ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གི་དམིགས་བསལ་དམག་དཔུང་གིས་སི་རི་ཡཱ་ནས་བྱ་འགུལ་སྤེལ་བཞིན་ཡོད་པའི་ཚུལ་བསྟན།

    ཞིན་ཧྭ་གསར་འགྱུར་དྲ་བ།    2018-03-20

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་ཧཱ་སག་སི་ཐན་གྱི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་དག་ཐད་ཀར་དུ་སི་རི་ཡཱའི་འཁྲུག་རྩོད་ནང་ཞུགས་ཡོད། རྒྱུ་མཚན་ནི་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། དེ་མིན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་གཞན་པའི་དམིགས་བསལ་དམག་དཔུང་གིས་སི་རི་ཡཱ་རུ་བྱ་འགུལ་སྤེལ་བཞིན་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། དོན་དངོས་སུ་སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཚབ་བྱེད་འཐབ་འཁྲུག་བྱེད་བཞིན་ཡོད། རྒྱུ་མཚན་ནི་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། དེ་མིན་ནུབ་ཕྱོགས་རྒྱལ་ཁབ་གཞན་པའི་དམིགས་བསལ་དམག་དཔུང་གིས་སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པར་རོགས་རམ་བྱེད་བཞིན་ཡོད་པར་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་དག་གིས་རང་གི་དམིགས་བསལ་དམག་དཔུང་གིས་སི་རི་ཡཱ་ནས་བྱ་འགུལ་སྤེལ་བའི་དོན་དངོས་ཁས་ལེན་བྱས་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་ཀྱི་དམིགས་བསལ་དམག་དཔུང་གིས་སི་རི་ཡཱ་ནས་བྱ་འགུལ་སྤེལ་བ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལ་འགལ་ཡོད་པས། ཨུ་རུ་སི་ཡིས་ཕྱི་རྒྱལ་དམག་དཔུང་གིས་སི་རི་ཡཱ་ནས་ཁྲིམས་འགལ་བྱ་འགུལ་སྤེལ་བར་རྒོལ་གཏམ་གཏོང་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཨུ་རུ་སི་ཡིས་སི་རི་ཡཱ་ནས་ནུབ་ཕྱོགས་རྒྱལ་ཁབ་བར་འཁྲུག་རྩོད་བྱེད་མི་སྲིད། ཨུ་རུ་སི་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དམག་དཔུང་བར་སི་རི་ཡཱ་ནས་འཁྲུག་རྩོད་འབྱུང་བར་སྔོན་འགོག་བྱེད་ཆེད། ཨུ་རུ་སིའི་དམག་ཕྱོགས་ཀྱིས་ཨ་མེ་རི་ཁའི་སི་རི་ཡཱའི་འཐབ་འཁྲུག་འགུལ་སྐྱོད་ལ་བཀོད་འདོམ་བྱེད་པའི་འགན་ཁུར་བའི་བཀོད་འདོམ་དཔོན་པོའི་བར་དུས་རྒྱུན་འབྲེལ་འདྲིས་ཟབ་མོ་བྱེད་བཞིན་ཡོད་ཟེར།


  • ལེ་ཚན་སྔོན་མ།:ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཝུའུ་ཁི་ལན་གྱིས་ཝུའུ་ཁི་ལན་དུ་ཡོད་པའི་ཨུ་རུ་སིའི་སྤྱི་དམངས་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་པར་བཀག་འགོག་བྱས་པ་
  • ལེ་ཚན་རྗེས་མ།:ཆོས་དབྱིངས་སྐྱིད་ཀྱིས་འགྲོས་རྩལ་འགྲན་བསྡུར་ལས་ཨང་དང་པོ་བླངས།
  • དོ་སྣང་ཆེ་བའི་རྩོམ།