བློ་མཐུན་ཝང་ཆི་ཧྲན་གྱི་ལོ་རྒྱུས་མདོར་བསྡུས།

    ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།    2018-03-17

བློ་མཐུན་ཝང་ཆི་ཧྲན་གྱི་ལོ་རྒྱུས་མདོར་བསྡུས།

     ཝང་ཆི་ཧྲན། སྐྱེས་པ། རྒྱ་རིགས། སྤྱི་ལོ་༡༩༤༨ལོའི་ཟླ་བ་༧པར་འཁྲུངས། ཧྲན་ཤི་ཐེན་ཀྲེན་གྱི་མི་ཡིན། སྤྱི་ལོ་༡༩༦༩ལོའི་ཟླ་བ་དང་པོར་ཕྱག་ལས་གནང་། སྤྱི་ལོ་༡༩༨༣ལོའི་ཟླ་བ་༢པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ནུབ་བྱང་སློབ་གྲྭ་ཆེན་མོའི་ལོ་རྒྱུས་ཚན་ཁག་གི་ལོ་རྒྱུས་ཆེད་ལས་ནས་སློབ་མཐར་ཡིན། སློབ་གྲྭ་ཆེན་མོའི་སྤྱིར་བཏང་འཛིན་གྲྭའི་སློབ་གནས་ཡོད། མཐོ་རིམ་དཔལ་འབྱོར་པ་ཆེན་པོ། 

    ད་ཆ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཡིན། 

   སྤྱི་ལོ་༡༩༦༩ལོ་ནས་སྤྱི་ལོ་༡༩༧༡ལོའི་བར་ཧྲའན་ཞི་ཞིང་ཆེན་ཡན་ཨན་རྫོང་ཕེང་ཀྲོང་ཀུང་ཧྲེའི་གཞོན་ནུ་ཤེས་ཡོན་ཅན་ཡིན། 

   སྤྱི་ལོ་༡༩༧༡ལོ་ནས་སྤྱོ་ལོ་༡༩༧༣ལོའི་བར་ཧྲའན་ཤི་ཞིང་ཆེན་དངོས་མང་བཤམས་མཛོད་ཁང་དུ་ཕྱག་ལས་གནང་།

   སྤྱི་ལོ་༡༩༧༣ལོ་ནས་སྤྱི་ལོ་༡༩༧༦ལོའི་བར་ནུབ་བྱང་སློབ་གྲྭ་ཆེན་མོའི་ལོ་རྒྱུས་ཚན་ཁག་གི་ལོ་རྒྱུས་ཆེད་ལས་སུ་སློབ་སྦྱོང་གནང་།

   སྤྱི་ལོ་༡༩༧༦ལོ་ནས་སྤྱི་ལོ་༡༩༧༩ལོའི་བར་ཧྲའན་ཤི་ཞིང་ཆེན་དངོས་མང་བཤམས་མཛོད་ཁང་དུ་ཕྱག་ལས་གནང་།

   སྤྱི་ལོ་༡༩༧༩ལོ་ནས་སྤྱི་ལོ་༡༩༨༢ལོའི་བར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་ཁང་དུ་དངོས་སྦྱོང་ཞིབ་མཇུག་པ་གནང་།

   སྤྱི་ལོ་༡༩༨༢ལོ་ནས་སྤྱི་ལོ་༡༩༨༦ལོའི་བར་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་གྲོང་གསེབ་སྲིད་ཇུས་ཞིབ་འཇུག་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གྲོང་གསེབ་གོང་འཕེལ་ཞིབ་འཇུག་ལྟེ་གནས་ཀྱི་འགོ་འཛིན། ཅུས་རིམ་པ་གཞོན་པའི་ཞིབ་འཇུག་པ། འབྲེལ་གཏུག་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་གནས་བཞེས།

    སྤྱི་ལོ་༡༩༨༦ལོ་ནས་སྤྱི་ལོ་༡༩༨༨ལོའི་བར་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་གྲོང་གསེབ་སྲིད་ཇུས་ཞིབ་འཇུག་ཁང་གི་ཅུས་རིམ་པ་རྒན་པའི་ཞིབ་འཇུག་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གྲོང་གསེབ་གོང་འཕེལ་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་གཏུག་ཁང་གི་ཀྲུའུ་རེན་དང་རྒྱལ་ཡོངས་གྲོང་གསེབ་བསྒྱུར་བཅོས་ཚོད་ལྟའི་ཁུལ་གཞུང་ལས་ཁང་གི་ཀྲུའུ་རེན་གཅིག་ལྕོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གྲོང་གསེབ་གོང་འཕེལ་ཞིབ་འཇུག་ལྟེ་གནས་ཀྱི་གོང་འཕེལ་ཞིབ་འཇུག་ཁང་གི་འགོ་འཛིན་ལས་ཚབ་དང་འགོ་འཛིན་བཅས་ཀྱི་འགན་གནས་བཞེས།

སྤྱི་ལོ་༡༩༨༨ལོ་ནས་སྤྱི་ལོ་༡༩༨༩ལོའི་བར་ཀྲུང་གོའི་གྲོང་གསེབ་ཡིད་རྟོན་མ་འཇོག་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་གནས་བཞེས།

     སྤྱི་ལོ་༡༩༨༩ལོ་ནས་སྤྱི་ལོ་༡༩༩༣ལོའི་བར་ཀྲུང་གོ་མི་དམངས་འཛུགས་སྐྲུན་དངུལ་ཁང་གི་འགོ་འཛིན་གཞོན་པ་དང་། ཏང་ཙུའུ་ཡི་ཁོངས་མིའི་འགན་གནས་བཞེས་པ་དང་དེའི་རིང་སྤྱི་ལོ་༡༩༩༢ལོའི་ཟླ་བ་༩པ་ནས་སྤྱི་ལོ་༡༩༩༢ལོའི་ཟླ་བ་༡༡པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།

    སྤྱི་ལོ་༡༩༩༣ལོ་ནས་སྤྱི་ལོ་༡༩༩༤ལོའི་བར་ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་འཛིན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་གནས་བཞེས།

    སྤྱི་ལོ་༡༩༩༤ལོ་ནས་སྤྱི་ལོ་༡༩༩༦ལོའི་བར་ཀྲུང་གོ་མི་དམངས་འཛུགས་སྐྲུན་དངུལ་ཁང་གི་འགོ་འཛིན་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་གནས་བཞེས།

    སྤྱི་ལོ་༡༩༩༦ལོ་ནས་སྤྱི་ལོ་༡༩༩༧ལོའི་བར་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་འགོ་འཛིན་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་གནས་བཞེས།

    སྤྱི་ལོ་༡༩༩༧ལོ་ནས་སྤྱི་ལོ་༡༩༩༨ལོའི་བར་ཀོང་ཏུང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གྱི་འགན་གནས་བཞེས།

སྤྱི་ལོ་༡༩༩༨ལོ་ནས་སྤྱི་ལོ་༢༠༠༠ལོའི་བར་ཀོང་ཏུང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་གྱི་འགོ་འཛིན་གཞོན་པའི་འགན་གནས་བཞེས།

    སྤྱི་ལོ་༢༠༠༠ལོ་ནས་སྤྱི་ལོ་༢༠༠༢ལོའི་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་གཞུང་ལས་ཁང་གི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་གནས་བཞེས།

    སྤྱི་ལོ་༢༠༠༢ལོ་ནས་སྤྱི་ལོ་༢༠༠༣ལོའི་བར་ཧའེ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་གནས་བཞེས།

    སྤྱི་ལོ་༢༠༠༣ལོ་ནས་སྤྱི་ལོ་༢༠༠༤ལོའི་བར་པེ་ཅིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། གྲོང་སྤྱིའི་ལས་ཚབ། པེ་ཅིན་ཨའོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་གནས་བཞེས།

    སྤྱི་ལོ་༢༠༠༤ལོ་ནས་སྤྱི་ལོ་༢༠༠༧ལོའི་བར་པེ་ཅིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། གྲོང་སྤྱི། པེ་ཅིན་ཨའོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་གནས་བཞེས།

    སྤྱི་ལོ་༢༠༠༧ལོ་ནས་སྤྱི་ལོ་༢༠༠༨ལོའི་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གྱི་འགན་གནས་བཞེས།

    སྤྱི་ལོ་༢༠༠༨ལོ་ནས་སྤྱི་ལོ་༢༠༡༡ལོའི་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ།     ཏང་ཙུའུ་ཡི་ཁོངས་མི་བཅས་དང་། སྤྱི་ལོ་༢༠༡༠ལོར་ཧྲང་ཧའེ་འཛམ་གླིང་དངོས་མང་འགྲེམ་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་འགན་གནས་བཞེས།

    སྤྱི་ལོ་༢༠༡༡ལོ་ནས་སྤྱི་ལོ་༢༠༡༢ལོའི་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་གནས་བཞེས།

    སྤྱི་ལོ་༢༠༡༢ལོ་ནས་སྤྱི་ལོ་༢༠༡༣ལོའི་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཡི་ཁོངས་མིའི་འགན་གནས་བཞེས། 

   སྤྱི་ལོ་༢༠༡༣ལོ་ནས་སྤྱི་ལོ་༢༠༡༧ལོའི་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་གནས་བཞེས། 

    སྤྱི་ལོ་༢༠༡༨ལོ་ནས་ད་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས། 

     ཁོང་དེ་སྔ་ཀྲུང་གུང་སྐབས་༡༥པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་༡༦དང་སྐབས་༡༧། སྐབས་༡༨བཅས་ཀྱི་ཀྲུང་དབྱང་ཨུ་ཡོན། སྐབས་༡༧གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། སྐབས་༡༨པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། སྐབས་༡༨པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ཡིན་པ་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་གཞོན་པར་བདམས་ཐོན་བྱུང་། 


  • ལེ་ཚན་སྔོན་མ།:བློ་མཐུན་ལི་ཀྲན་ཧྲུའུ་ཡི་ལོ་རྒྱུས་མདོར་བསྡུས།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་མི་སྣས་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་པ།
  • དོ་སྣང་ཆེ་བའི་རྩོམ།