སྒྲོལ་དཀའ་བའི་འགག་ཆེན་ལས་བསྒྲལ།ཐར་དཀའ་བའི་དབུལ་ཕོངས་ལས་ཐར།

དབྱངས་ཅན་གྱིས་བསྒྱུར།        2018-03-15

   སྒྲོལ་དཀའ་བའི་འགག་ཆེན་ལས་བསྒྲལ།ཐར་དཀའ་བའི་དབུལ་ཕོངས་ལས་ཐར།

    ཉེ་ཆར། སྨྱུག་འཛིན་པས་སྡེ་དགེ་རྫོང་ནས་ཤེས་རྟོགས་བྱུང་དོན། དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་སྤེལ་བ་ནས་བཟུང་། སྡེ་དགེ་རྫོང་གིས་དབུལ་ཕོངས་ཀྱི་འདུ་ཤེས་འཕོ་འགྱུར་གཏོང་དཀའ་བའི་གནད་དོན་ཐག་གཅོད་དང་། ཕྱུག་འགྱུར་འབྱོར་འབྲིང་གི་ལམ་བུ་གསར་པར་སྐྱོད་ཐུབ་པ་ཡིས་ཁྲིད་སྟོན་བྱས་ཤིང་། ལེགས་འགྲུབ་ངང་གྲོང་སྡེ་ཧྲིལ་པོ་གནས་སྤོ་བྱ་བར་འཕྲད་པའི་འདུ་ཤེས་འཕོ་འགྱུར་གཏོང་བ་དང་མ་དངུལ་གྲབས་གསོག་སོགས་དཀའ་གནད་ཆེ་བའི་གནད་དོན་ལྔ་ཐག་གཅོད་བྱས་ནས། རྫོང་དེའི་ལྕང་ར་ཤང་གཡུ་ཐོག་གྲོང་སྡེའི་དུད་ཚང117གྱི་མི་གྲངས521དང་། དཔེ་ཡག་ཤང་ཉིན་འགྲུབ་གྲོང་སྡེའི་དུད་ཚང53གྱི་མི་གྲངས285ཡོད་ཚད་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ཁོངས་སུ་འཇོག་པ་དང་། ཆེས་དབུལ་ཕོངས་དང་དཀའ་སྡུག་ཆེ་བའི་གྲོང་སྡེ་གཉིས་ཆེས་མཛེས་སྡུག་གི་གནས་སྤོ་ཡུལ་མིའི་གྲོང་གསར་དུ་གསར་བསྐྲུན་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་དགེ་རྫོང་ལྕང་ར་ཤང་གཡུ་ཐོག་གྲོང་སྡེ་དང་དཔེ་ཡག་ཤང་ཉིན་འགྲུབ་གྲོང་སྡེ་གཉིས་རྒྱང་རིང་ལུང་ཁུག་ཏུ་གནས་ཤིང་མི་འབོར་ཐར་ཐོར་དུ་ཆགས་པ་དང་། དཔལ་འབྱོར་གྱི་རྨང་གཞི་ཞན་པ། ཐོན་ལས་འཕེལ་རྒྱས་མ་གཞི་ནས་ཞན་པ། ཤར་གཏོང་ལྔའི་འཛུགས་སྐྲུན་གྱི་མ་གོང་མཐོ་དྲགས་པས། དབུལ་ཕོངས་དུད་ཚང་དབུལ་ཐར་ཡོང་བར་གཅིག་བརྒལ་བ་དང་ཡོད་པ6དང། དབུལ་ཕོངས་གྲོང་སྡེ་དབུལ་ཕོངས་ཀྱི་གྲས་ནས་ཕྱིར་འཐེན་པའི་གཅིག་དམའ་བ་དང་ཡོད་པ5ཡི་ཚད་གཞི་ཐོག་སླེབས་དགོས་ན་ཧ་ཅང་དཀའ་བ་རེད།

སྒྲོལ་དཀའ་བའི་འགག་ཆེན་ལས་བསྒྲལ།ཐར་དཀའ་བའི་དབུལ་ཕོངས་ལས་ཐར།

   དབུལ་ཕོངས་ཀྱི་སྡོད་གནས་གཏན་སྲུང་བྱེད་པའི་འདུ་ཤེས་འཕོ་འགྱུར་བཏང་ནས་མང་ཚོགས་གནས་སྤོ་བྱ་བའི་བསམ་ཕྱོགས་གསར་པས་ཁྲིད་སྟོན་བྱས། རྫོང་རིམ་པའི་འབྲེལ་འདྲིས་འགོ་ཁྲིད་དང་། ཤང་དང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་དབུལ་ཕོངས་གྲོང་སྡེར་ཐེངས་མང་ཕྱིན་ནས་ཡུལ་དངོས་སུ་བརྟག་ཞིབ་དང་། གྲོང་སྡེ་དང་དུད་ཚང་དུ་ཕྱིན་ནས་ཡོངས་ཁྱབ་ཏུ་མང་ཚོགས་ཀྱི་འདོད་བློར་ཉན་པ་དང་། གྲོང་སྡེའི་ཨུ་ལྷན་གཉིས་དང་། གྲོང་མིའི་འཐུས་མི་ཚོགས་ཆེན། མང་ཚོགས་ཀྱི་ཚོགས་ཆེན་སོགས་རིམ་པ་མང་པོའི་སྒོས་གྲོང་སྡེ་ཧྲིལ་པོ་གནས་སྤོ་བྱ་བའི་སྐུལ་སློང་ཚོགས་ཆེན་འཚོགས་ནས། གནས་སྤོ་དང་གནས་སྤོ་མི་བྱ་བའི་ལེགས་ཉེས་གང་ལེགས་བཤད་ནས་མང་ཚོགས་ཀྱི་ཕ་ཡུལ་དང་བྲལ་དཀའ་བའི་གནད་དོན་རྦད་དེ་ཐག་གཅོད་བྱས།

  རི་མཐོ་ལུང་ཁུག་གི་མུ་འབྲེལ་ས་ཞིང་སྤྱོད་དཀའ་བའི་གནས་ཚུལ་ཐག་གཅོད་བྱེད་ཅིང་། ལེགས་བསྡུས་ཞིབ་གཉེར་གྱི་བྱེད་སྟངས་བརྒྱུད་ནས་འཛུགས་སྐྲུན་ས་ཞིང་འཚོལ་ཐུབ་པ་བྱུང་། བསམ་བློའི་སྐུལ་སློང་དང་འགན་འཁྲི་ངོས་འཛིན་རྩིས་ལེན་བྱ་རྒྱུར་དོ་སྣང་བྱས་ཏེ། གྲོང་གསར་འཛུགས་སྐྲུན་གྱི་སྔར་ཡོད་དུད་ཚང་དག་གི་ས་ཞིང་བཟུང་ཁྱོན་མུའུ་ཁྲི100ལྷག་གཅིག་གྱུར་གྱིས་འཆར་འགོད་དང་འཛུགས་སྐྲུན་བྱས་ཤིང་། གྲོང་སྡེ་ཧྲིལ་པོ་གནས་སྤོ་བྱ་ཡུལ་གྱི་ས་ཞིང(མུའུ215)བསྡུ་ལེན་བྱེད་པའི་འགྲོ་གྲོན་གཅིག་ཀྱང་མི་དགོས་པར་མངོན་འགྱུར་བྱུང་བ་དང་། གྲོང་གསར་གཅིག་བསྡུས་འཛུགས་སྐྲུན་བྱ་རྒྱུ་མངོན་འགྱུར་བྱུང་།

    འཆར་འགོད་རྗེས་ལུས་ཀྱི་གནས་ཚུལ་ཐག་གཅོད་བྱས་ཏེ་ཁྱད་ཆོས་ལྡན་པའི་མཛེས་སྡུག་གི་བོད་གྲོང་བསྐྲུན། སྡེ་དགེའི་ཡུལ་བབ་གོམས་སྲོལ་དང་སྡོད་ཁང་གི་ཁྱད་ཆོས་དང་བསྟུན་པའི་རྩ་དོན་ལྟར། སྨི་གྲུ་བཞི་མ60ནས160ཡི་ཚད་གཞི་ལྟར་ཁག་དབྱེ་སྟེ་གཟུགས་དབྱིབས་རིགས་བཞི་ཅན་གྱི་སྡོད་ཁང170ཇུས་འགོད་བྱས་ནས། སྔོན་མའི་མགོ་མཇུག་ཆ་མི་སྙོམས་པ་དང་གྲ་མི་འགྲིག་པའི་གྲོང་སྡེའི་ཆགས་ཚུལ་འཕོ་འགྱུར་མཐར་ཕྱིན་པར་བཏང་བ་རེད།

   དཀའ་གནད་ལྔ་བསྒྲལ་ནས་དབུལ་ཕོངས་གྲོང་སྡེ་དེ་ཆེས་མཛེས་སྡུག་གི་གནས་སྤོ་གྲོང་གསར་དུ་བསྐྲུན། རྫོང་དེས་མ་རྩའི་འགན་ལེན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་ཞིང། རྒུད་གསབ་ལས་སྤྲོད་དང་། ལས་རིགས་ཀྱི་གནས་སྤོ་མ་དངུལ། ནོར་སྲིད་དབུལ་སྐྱོར་གྱི་ཆེད་སྤྱོད་མ་དངུལ། བསགས་དངུལ་ལེགས་བསྡུས་ཞིབ་གཉེར་བྱེད་པ་བཅས་ཀྱི་བྱེད་སྟངས་སྤྱད་ནས། གྲོང་སྡེ་ཧྲིལ་པོ་ཡུལ་གཞན་དུ་གནས་སྤོ་བྱ་བའི་ལས་གཞིའི་མ་དངུལ་བསགས་དཀའ་བའི་གནད་དོན་ཐག་གཅོད་བྱས།

   སྡོད་ཁང་གསར་པའི་ནང་སྡོད་ཐུབ་ཀྱང་འཚོ་བ་དབུལ་ཕོངས་དུ་གྱུར་པའི་ཡོང་འབབ་འཕར་དཀའ་བའི་གནད་དོན་ཐག་གཅོད་བྱས་ཤིང་ཡུལ་བབ་དང་བསྟུན་ནས་ཡོང་འཕར་གྱི་ཐབས་ལམ་རྒྱ་སྐྱེད་བཏང་། ཏང་འཛུགས་ཀྱི་ཁྲིད་སྟོན་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ཡོང་བའི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མེ་ཏོག་ལྡུམ་རའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཐོན་ལས་འཕེལ་རྒྱས་དང་གྲོང་གསར་འཛུགས་སྐྲུན་གྱི་ཨར་ལས་ཟབ་སྤེལ་བཏང་ནས། གཡུ་ཐོག་གི་མེ་ཏོག་ལྡུམ་རའི་གསོ་སྤེལ་རྟེན་གཞི་བསྐྲུན་པ་དང་། ཉིན་འགྲུབ་ཀྱི་སྔོ་ཚལ་འདེབས་འཛུགས་བྱེད་སའི་རྟེན་གཞི་དང་བོད་ཕག་གསོ་སྤེལ་བྱེད་སའི་རྟེན་གཞི་བསྐྲུན། ཐོན་ལས་ཀྱིས་དབུལ་ཕོངས་མང་ཚོགས་སྐུལ་ཁྲིད་བྱས་ཏེ་མི་རེའི་ཡོང་འབབ་སྒོར200ཡན་ལ་འཕར་ནས། འབབ་འཕར་ཡོང་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་མང་ཚོགས་ཡུལ་དེར་བསྡད་ནས་འཚོ་བ་ཡག་པོ་རོལ་དུ་བཅུག་པ་རེད།།


  • ལེ་ཚན་སྔོན་མ།:རང་བཤེར་བྱས་ཏེ་ཞན་ཆ་གསབ། དབུལ་ཐར་འགག་སྒྲོལ་ཤུགས་ཀྱིས་སྤེལ།
  • ལེ་ཚན་རྗེས་མ།:ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་སྐབས་དཀར་མཛེས་ཁུལ་གྱི་དོན་དངོས་དང་མཐུན་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།