རང་བཤེར་བྱས་ཏེ་ཞན་ཆ་གསབ། དབུལ་ཐར་འགག་སྒྲོལ་ཤུགས་ཀྱིས་སྤེལ།

ཀུན་དགས་བསྒྱུར།        2018-03-15

    ཟླ་བ3པའི་ཚེས11ཉིན། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཁྲེང་ཁང་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲེང་ཐེན་ཆང་གིས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་ཉི་སྟེན་དོ་དམ་ཅུས་སོགས་སྡེ་ཚན་གྱི་འགན་འཁུར་བའི་སྣེ་ཁྲིད་དེ་ཤམ་བྷ་ལ་ནས་བདེ་ཆེན་བར་གྱི་གཞུང་ལམ་དང་འགོ་ཡག་ཐང་ཤང་སོགས་སུ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། 

  བརྟག་དཔྱད་ཞིབ་འཇུག་ཁྲོད་ཝང་ཁྲེང་ཁང་དང་ཀྲེང་ཐེན་ཆང་གིས་བསྟན་དོན། ཤམ་བྷ་ལ་ནས་བདེ་ཆེན་བར་གྱི་གཞུང་ལམ་འཛུགས་སྐྲུན་གྲུབ་རྗེས་ཤམ་བྷ་ལའི་ཡུལ་སྐོར་ལམ་རྒྱུད་དུ་ཡུལ་སྐོར་གྱི་སྒོ་མོ་ཕྱེ་བ་ལྟ་བུ་ཞིག་ཡིན་པས་འདབ་པའི་ལམ་རྒྱུད་ཀྱི་ཤང་གྲོང་ཁག་གིས་གཞུང་ལམ་སྐྲུན་རྗེས་ཀྱི་གྲ་སྒྲིག་ལས་ཀ་དང་ཡུལ་སྐོར་འཆར་འགོད་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་། མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་ལས་ཀ་དེའི་ནང་དུ་ཧུར་ཐག་ཞུགས་པར་བྱས་ནས་ཡུལ་སྐོར་གྲ་སྒྲིག་ལས་དོན་ད་ལྟ་ནས་ཡག་པོར་བསྒྲུབ་དགོས།

ག་ཆ་ཤང་ཉི་ལུང་གྲོང་སྡེར་བརྟག་ཞིབ་གནང་སྐབས་བསྟན་དོན། འབྲེལ་གཏུག་སྡེ་ཚན་དང་དེ་བཞིན་ཤང་ཏང་ཨུ་དང་སྲིད་གཞུང་གིས་དབུལ་ཐར་འགག་སྒྲོལ་གྱི་སྐུལ་འདེད་མྱུར་ཚད་ཇེ་མགྱོགས་སུ་གཏང་དགོས་པ་དང་། དབུལ་སྐྱོར་སྲིད་ཇུས་དང་གྲོང་ཚོའི་གནས་ཚུལ་ལ་རྒྱུས་ལོན་ཡག་པོ་བྱས་ནས་ཚད་གཞི་དང་ཞིབ་བསྡུར་བྱས་ཏེ་རང་བཤེར་བྱ་དགོས་ལ་དབུལ་ཐར་གྲུབ་འབྲས་ཐོབ་པར་འགན་ལེན་བྱ་དགོས།

    གོ་ཡག་ཐང་ཆུ་བེད་ལས་གྲྭའི་ཡུལ་དངོས་སུ་བརྟག་ཞིབ་གནང་སྐབས་ནགས་ཁུལ་དུ་མེ་དང་གློག་སྤྱོད་པར་དོ་སྣང་བྱ་དགོས་པ་དང་། ཨར་ལས་བདེ་སྲུང་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་སྣོད་བཅུད་ལ་གཏོར་སྐྱོན་མི་ཕོག་པའི་ཁག་ཐེག་གི་རྩ་དོན་འོག་ཨར་ལས་འཛུགས་སྐྲུན་ཡག་པོར་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་གཉའ་རྒྱལ་མཚན་གྱིས་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་མགྱོགས་པོ་བྱུང་ནས་གཡག་རིན་པའི་རིལ་བུ་རྦད་དེ་ལོ་རྒྱུས་སུ་གྱུར་ཡོད་ཅེས་བཤད།
  • ལེ་ཚན་རྗེས་མ།:སྒྲོལ་དཀའ་བའི་འགག་ཆེན་ལས་བསྒྲལ།ཐར་དཀའ་བའི་དབུལ་ཕོངས་ལས་ཐར།
  • དོ་སྣང་ཆེ་བའི་རྩོམ།