རང་ཁུལ་གྱི་ས་གནས་དང་སྡེ་ཁག་སོ་སོས་ཚ་ཚ་འུར་འུར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱས།

ཡེ་མིང་གིས་བསྒྱུར།        2018-03-15

ཁུལ་སྲིད་ཁྲིམས་ཨུ་ལྷན།

ཉེ་ཆར། དཀར་མཛེས་ཁུལ་སྲིད་ཁྲིམས་ཨུ་ལྷན་གྱིས་སྦྲེལ་མཐུད་དུ་སྲིད་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་དང་། ལས་བྱེད་པ་དང་ལས་བཟོ་ཡོངས་རྫོགས་ཀྱི་ཚོགས་ཆེན། ལས་ཁུངས་ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་ཚོགས་འདུ་འཚོགས་ནས་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཀྲེན་ཧྭ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུ་ལ་གནང་བའི་གལ་ཆེ་བའི་བཀའ་སློབ། ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་ཝང་ཏུང་མིང་གིས་ཞིང་ཆེན་སྲིད་ཁྲིམས་ལས་དོན་ཚོགས་འདུ་ལ་གནང་བའི་གལ་ཆེ་བའི་བཀའ་སློབ་དང་དེ་བཞིན་དུ་ཞིང་ཆེན་དང་ཁུལ་ཨུའི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ནས་སློབ་སྦྱོང་བྱས་པ་རེད།

ཚོགས་འདུའི་ཐོག ཁུལ་ཡོངས་ཀྱི་སྲིད་ཁྲིམས་མ་ལག་གིས་ཁྱོན་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་ལེན་དོན་འཁྱོལ་བྱས་ཏེ་རྒྱུན་མཐུད་དུ་སྦྱངས་ནས་ཁོང་དུ་ཆུད་པ་དང་སྦྱངས་ནས་སྤྱོད་གོ་ཆོད་པ། སྦྱངས་ནས་དོན་དངོས་སྒྲུབ་པའི་ཐོག་སེམས་ཤུགས་བསྒྲིམས་ཏེ་དགོངས་དོན་གྱིས་བློ་རིག་ལ་དྲག་ཆས་སྤྲས་མཐར། མགྱོགས་མྱུར་དུ་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་མཉམ་སྤེལ་བྱས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་བྱས་ཏེ་དཀར་མཛེས་ཁུལ་གྱི་བརྟན་བརླིང་སྲུང་སྐྱོང་གི་ལས་ཀའི་རྣམ་པ་གསར་པ་གཏོད་རྒྱུ་དང་། མཛེས་སྡུག་སྐྱེ་ཁམས་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་གྱི་འབྱུང་འགྱུར་གསར་པ་འཛུགས་སྐྱོང་བྱེད་པར་ནུས་ལྡན་གྱི་སྲིད་ཁྲིམས་འགན་སྲུང་ཡོད་པ་བྱ་དགོས་ཞེས་རེ་འདུན་བཏོན་པ་རེད།།

ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ།

ཉེ་ཆར། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ལས་བྱེད་པ་དང་ལས་བཟོའི་སློབ་སྦྱོང་ཚོགས་ཆེན་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཚོགས་འདུའི་ཐོག་ལས་བྱེད་པ་དང་ལས་བཟོ་ཡོངས་རྫོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་དོན་གྱིས་ཁྲིད་སྟོན་བྱས་ཏེ་མགྱོགས་མྱུར་དུ་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེ་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་དོན་འཁྱོལ་བྱེད་པའི་ཚ་རླབས་འཕྱུར་དུ་བཅུག་ནས་སྔར་ལྷག་གིས་ངོས་འཛོན་གཅིག་གྱུར་དང་ནུས་ཤུགས་གོང་བུར་བསྒྲིམས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱས་རྗེས་འཇོག་དགོས་ཞེས་རེ་འདུན་བཏོན་པ་རེད།

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་གཅིག་ནི་མུ་མཐུད་ནས་སློབ་སྦྱོང་ཟབ་མོ་བྱ་རྒྱུའི་ཐོག་སེམས་ཤུགས་བསྒྲིམ་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་ཁྲིད་སྟོན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ཕེབས་སྐབས་གནང་བའི་གལ་ཆེ་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱ་དགོས། གཉིས་ནི་དོན་དངོས་བསྒྲུབ་རྒྱུའི་ཐོག་བྱ་སྤྱོད་ཡོད་པ་བྱ་དགོས། ཏན་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་གནང་བའི་གཅེས་སྐྱོང་དང་ཟོལ་མེད་ཀྱི་ཐུགས་རེ་འདི་འཐབ་ཕྱོགས་གཅིག་གྱུར་ལས་ཀར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་བ་དང་ཆབས་ཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་དང་ཁྱད་པར་དུ་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་གནང་བའི་གལ་ཆེ་བའི་བཀའ་སློབ་ཀྱི་ཐུགས་རེ་ལག་ལེན་དོན་འཁྱོལ་ཟབ་མོ་བྱས་ཏེ་སྔར་ལྷག་གིས་འདུ་ཤེས་བཞི་ཇེ་དྲག་དང་གདེང་ཚོད་བཞི་སྲ་བརྟན་གཏང་དགོས།།

ཕྱག་ཕྲེང་རྫོང་།

ཉེ་ཆར། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧའོ་ཁང་ལིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཞིའུ་དབྱིན་རྣམ་གཉིས་ཀྱིས་ཕྱག་ཕྲེང་རྫོང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ཕེབས་སྐབས་གནང་བའི་གལ་ཆེ་བའི་གསུང་བཤད་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། རྫོང་དེའི་ཚོགས་པ་ཆེན་པོ་བཞིའི་འགོ་ཁྲིད་དང་ཤང(གྲོང་རྡལ)ཏང་ཨུའི་ཧྲུའུ་ཅི། ཤང(གྲོང་རྡལ)དཔོན། ཞིང་ཆེན་དང་ཁུལ་གྱི་རྫོང་དུ་བཅའ་སྡོད་བྱེད་མཁན་ལས་ཁུངས་སོ་སོའི་གཙོ་བོའི་འགན་ཁུར་མི་སྣ་སྒྲོག་འགྲེལ་ཚོགས་འདུའི་ནང་ཞུགས་ཡོད་པ་རེད།

སྒྲོག་འགྲེལ་བྱེད་སྐབས། ཧའོ་ཁང་ལིན་དང་ཅང་ཞིའུ་དབྱིན་རྣམ་གཉིས་ཀྱིས་ཁག་བགོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ཕེབས་སྐབས་གནང་བའི་གལ་ཆེ་བའི་གསུང་བཤད་ཀྱི་ནང་དོན། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན། ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བཅས་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ3པའི་ཚེས4ཉིན་ནས་བཟུང་། ཕྱག་ཕྲེང་རྫོང་གིས་ཁུལ་དང་རྫོང་།ཤང(གྲོང་རྡལ། ཁྲོམ་ལམ) གྲོང་སྡེ(འདུས་སྡེ་ཁུལ།སློབ་གྲྭ) བཅས་རིམ་པ་བཞི་མཉམ་འགུལ་བྱས་པར་བརྒྱུད། ཡོངས་ཁྱབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ཕེབས་སྐབས་གནང་བའི་གལ་ཆེ་བའི་གསུང་བཤད་ཀྱི་དགོངས་དོན་ཆེད་དོན་སྒྲོག་འགྲེལ་ཐེངས་གྲངས200ལྷག་བྱས་ནས་མི12000ལྷག་གིས་སྒྲོག་འགྲེལ་ལ་ཉན་འཇོག་བྱས་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ས་གནས་ཁག་གིས་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དག་བཅོས་ལས་ཀར་དོན་འཁྱོལ་བྱས།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་གཉའ་རྒྱལ་མཚན་གྱིས་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་མགྱོགས་པོ་བྱུང་ནས་གཡག་རིན་པའི་རིལ་བུ་རྦད་དེ་ལོ་རྒྱུས་སུ་གྱུར་ཡོད་ཅེས་བཤད།
  • དོ་སྣང་ཆེ་བའི་རྩོམ།