རང་ཁུལ་གྱི་ས་གནས་ཁག་གིས་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དག་བཅོས་ལས་ཀར་དོན་འཁྱོལ་བྱས།

ཀུན་དགས་བསྒྱུར།        2018-03-13

ཉག་ཆུ་རྫོང་།

ཉག་ཆུ་རྫོང་རི་མཐོ་གཡང་གཟར་གྱི་ས་ཁུལ་དུ་གནས་པ་དང་། ལོ་མང་རིང་ས་གཤིས་ཁོར་ཡུག་དང་། འཛུགས་སྐྲུན་མ་དངུལ་གྲབས་གསོག་བྱེད་དཀའ་བ་སོགས་གནས་ཚུལ་མང་པོས་ཚོད་འཛིན་ཐེབས་ནས། གྲོང་ཁུལ་གྱི་བཙོག་ཆུ་ཕལ་ཆེར་རྫས་ལུད་རྫིང་བུར་བརྒྱུད་ནས་དྭངས་སྙིགས་འབྱེད་རྗེས་ཐད་ཀར་ཕྱིར་གཏོང་པས་ན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བཙོག་ཆུ་ཕྱིར་གཏོང་གི་ཚད་གཞི་ཐོག་སླེབས་མི་ཐུབ་པ་རེད། དེས་ན་ཉག་ཆུ་རྫོང་གིས་འབྲེལ་ཡོད་བླང་བྱ་ལྟར། རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བཙོག་ཆུ་་ཕྱིར་གཏོང་གི་ཚད་གཞི་ཐོག་སླེབས་ཐུབ་པའི་བཙོག་ཆུ་གཙང་སེལ་བྱེད་སའི་བཟོ་གྲྭ་ཞིག་བསྐྲུན་ཐུབ་པར་བརྩོན་ལེན་བྱས། 2016ལོར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དེང་གི་གནས་ཚུལ་དང་བསྟུན་ཞིང་མིག་རྒྱང་རིང་པོ་བསྲིངས་ཏེ་བཙོག་ཆུ་གཙང་སེལ་གྱི་བཟོ་གྲྭ་འཛུགས་སྐྲུན་བྱེད་པའི་ཨར་ལས་དེ་འཆར་འགོད་དུ་བཞག་པ་རེད།

གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་གཙང་སེལ་བྱེད་པའི་དུས་རིམ་དང་པོའི་ཨར་ལས་དང་ཞོར་གཏོགས་ཨར་ལས་དེ་ཉག་ཆུ་རྫོང་ཆུ་ཁ་གྲོང་རྡལ་དུ་ཆགས་ཡོད། 2016ལོའི་ཟླ་བ11པར་གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི0.15m3/dཅན་གྱི་བཙོག་ཆུའི་བཟོ་གྲྭ་དང་དེའི་བཙོག་ཆུ་སྡུད་རུབ་བྱེད་སའི་ལྕགས་མདོང་དྲ་བ་ཆ་ཚང་སྤྱི་ལེ1.2 དང་། སྨི་གྲུ་བཞི་མ་ཁྲི0.05m3/dཅན་གྱི་བཙོག་ཆུ་གཙང་སེལ་སྒྲིག་ཆས་གཅིག་དང་དེའི་བཙོག་ཆུ་སྡུད་རུབ་བྱེད་སའི་ལྕགས་མདོང་དྲ་བ་ཆ་ཚང་སྟོང་སྨི1.1 འཛུགས་སྐྲུན་བྱེད་འགོ་བཙུགས། འབྲེལ་ཡོད་འགོག་རགས་ཨར་ལས་དང་རྩིག་རྨང་ཨར་ལས། འདེགས་སྐྱོར་ཨར་ལས་སོགས་ལས་གཞིར་ཚོད་དཔག་བྱས་ན་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི3600གཏོང་འཇོག་བྱས་ཡོད། ལས་གཞི་དེ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་ཆེད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་མ་རྩ་ནང་འདྲེན་བྱེད་པའི་བྱེད་སྟངས་བརྒྱུད་ནས་འཛུགས་སྐྲུན་ལག་རྩལ་དང་མ་དངུལ་གྱི་དཀའ་གནད་ཐག་གཅོད་བྱེད་པའི་གྲོས་ཐག་བཅད་པར་བརྟེན། བཙོག་ཆུ་གཙང་སེལ་བྱེད་སའི་བཟོ་གྲྭ་འཛུགས་སྐྲུན་བྱེད་སྟངས་གསར་པ(pppཡི་བྱེད་སྟངས)འཚོལ་ཞིབ་བྱས་ནས། སྲིད་གཞུང་དང་ཚོང་པ་དང་། ཐོན་ལས་ཀྱི་མ་རྩ་ཕྱོགས་བཅས་གསུམ་ནས་ངོས་འཛིན་གཅིག་མཐུན་བྱུང་བ་རེད།

མིག་སྔར། རྫོང་དེའི་བཙོག་ཆུ་གཙང་སེལ་བྱེད་སའི་བཟོ་གྲྭའི་ལས་གཞི་དེ་གོ་རིམ་དང་དུས་ཚོད་ཀྱི་འཕེལ་རིམ་ལྟར་བདེ་བླག་ངང་སྐུལ་འདེད་གཏོང་བཞིན་པ་དང་། སྔོན་དཔག་བྱས་ན་ད་ལོའི་ཟླ་བ6པར་འཛུགས་སྐྲུན་གྲུབ་ནས་བེད་སྤྱོད་གཏོང་ཐུབ་རྒྱུ་རེད། ལས་གཞི་འདིས་ཉག་ཆུ་རྫོང་གི་ས་འོག་ཆུའི་སྤུས་ཚད་དང་འབྲི་ཆུ་སྟོད་རྒྱུད་ཀྱི་འབབ་ཆུའི་སྤུས་ཚད་ཀྱི་གནས་ཚུལ་སྔར་བས་ལེགས་བཅོས་བྱེད་ཐུབ་པར་མ་ཟད། ཉག་ཆུ་རྫོང་གི་ཆུའི་ཐོན་ཁུངས་དོ་དམ་གསར་སྦོལ་བྱེད་པའི་ལས་ཀ་དེ་ལྷད་མེད་དང་ཁོར་སྲུང་གི་དུས་རབས་གསར་པར་གོམ་ཁ་བསྒྱུར་ཐུབ་པའང་མཚོན་ཐུབ་པ་རེད།།

བྲག་འགོ་རྫོང་།

ན་ལོའི་ཟླ་བ3པར་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་རང་ཁུལ་དུ་ཡོང་ནས་ལྟ་སྐུལ་བྱེད་སྐབས། བྲག་འགོ་རྫོང་དུ་དབང་ཚད་ལས་བརྒལ་ནས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གདེང་འཇོག་ལས་གཞིར་ཆོག་མཆན་སྤྲད་པ་དང་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གདེང་འཇོག་ཡིག་ཆའི་ཚད་གཞི་དམའ་རུ་གཏོང་བའི་གནད་དོན་གཉིས་ཡོད་པར་བཏོན་པ་རེད།

ལྟ་ཞིབ་ཚོ་ཆུང་གིས་བསམ་འཆར་ཕྱིར་འདྲེན་བྱས་རྗེས་བྲག་འགོ་རྫོང་གི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མཐོང་ཆེན་བྱས་ནས། དུས་ཚོད་དང་པོར་ལས་སྒྲུབ་ཚོ་ཆུང་བཙུགས་པར་མ་ཟད། རྫོང་རིམ་པའི་འགོ་ཁྲིད་ཀྱིས་བརྟག་ཞིབ་ཐེངས་མང་བྱས་ཏེ་སྲིད་གཞུང་གི་གྲོས་ཚོགས་ཐོག་དག་ཐེར་ལེགས་བཅོས་བྱེད་ཐབས་གཏན་འཁེལ་བྱས་རྗེས། མགྱོགས་མྱུར་དུ་བྲག་འགོ་རྫོང་མི་དམངས་སྲིད་གཞུང་གི་གཞུང་ལས་ཁང་གིབྲག་འགོ་རྫོང་མི་དམངས་སྲིད་གཞུང་གི་གཞུང་ལས་ཁང་གི་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གི་ལས་ཀའི་དག་བཅོས་འཆར་འགོད་སྐོར་གྱི་སྙན་ཞུདོན་འཁྱོལ་དང་དག་ཐེར་ལེགས་བཅོས་བྱེད་པའི་ལས་འགན་གཏན་འབེབས་བྱས་པར་མ་ཟད། ན་ལོའི་ཟླ་བ3པའི་ཚེས29ཉིན་དཔར་འགྲེམས་བྱས།

འཆར་འགོད་ལ་གཞི་བཟུང་སྟེ། རྫོང་དེས2011ལོ་ནས2016ལོའི་བར་འཛུགས་སྐྲུན་ལས་གཞི་ཡོད་ཚད་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གདེང་འཇོག་ཡིག་ཆ་ཡོད་ཚད་ལ་ཞིབ་བཤེར་བྱས་ནས། ན་ལོའི་ཟླ་བ5པའི་ཚེས12ཉིན་རྫོང་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས་ཀྱིས་ཞིབ་བཤེར་ཆོག་མཆན་བཀོད་པའི་ཚད་ལྡན་མིན་པའི་འཛུགས་སྐྲུན་ལས་གཞི་ཁྱོན་བསྡོམས29ལ་ཞིབ་བཤེར་བྱས། ཚེས13ཉིན་རྫོང་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས་ཀྱིས་འཛུགས་སྐྲུན་ལས་གཞི29དེ་ཕྱོགས་བསྡུས་བྱས་རྗེས། རྫོང་སྲིད་གཞུང་གིས་གྲོས་མཐུན་བྱུང་ནས་འཛུགས་སྐྲུན་ལས་གཞི29ཡི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གདེང་འཇོག་ཡིག་ཆ་མེད་པ་བཟོས་པར་མ་ཟད། རྫོང་སྲིད་གཞུང་གི་དྲྭ་ཚུགས་སུ་སྤྱི་བསྒྲགས་བྱས་པ་དང་ཆབས་ཅིག འབྲེལ་ཡོད་སྡེ་ཚན་ལ་གོ་རིམ་ལྟར་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ཤིང་འཛུགས་ནགས་སྐྲུན་ལས་ཀར་གྲུབ་འབྲས་ཆེན་པོ་ཐོབ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ས་གནས་དང་སྡེ་ཁག་སོ་སོས་ཚ་ཚ་འུར་འུར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེ
  • དོ་སྣང་ཆེ་བའི་རྩོམ།