ཞི་ཅིན་ཕིང་གིས་དཔལ་འབྱོར་སྤུས་ཚད་མཐོན་པོ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་བརྗོད་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2018-03-12

     ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁྲུང་ཆིང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གལ་ཆེའི་གསུང་བཤད་ལ་འཐུས་མིའི་ཁྲོད་དུ་ལན་ཆ་ཆེན་པོ་བྱུང་བ་དང་། ཚང་མས་གསུང་བཤད་ཀྱི་དགོངས་དོན་རང་གནས་སུ་ཕྱིར་ལོག་བྱས་རྗེས་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་ཡག་པོ་དང་དོན་འཁྱོལ་གང་ལེགས་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོས་ཞིབ་ལ་ཞུགས་སྐབས་ཆབ་སྲིད་སྐྱེ་ཁམས་ནི་རང་བྱུང་སྐྱེ་ཁམས་དང་འདྲ་བར་ལྷོད་གཡེང་ཏོག་ཙམ་ཤོར་ཚེ་སྦགས་བཙོག་བཟོ་སླ་པོ་ཡོད། ནམ་ཞིག་གནད་དོན་ཐོན་ཚེ་སླར་གསོ་བྱེད་བསམ་ན་རིན་དོད་ཆེན་པོ་འཇལ་དགོས་ཀྱི་ཡོད་ཅེས་ནན་གསུངས་གནང་བ་རེད། ཁྲུང་ཆིང་ཨུ་ཧྲན་རྫོང་ཨུད་ཀྱི་ཧྲུའུ་ཅི། འཐུས་མི་ལི་ཁྲུན་ཁུའེ་ཡིས་དོན་དེར་བབ་ཆགས་ཟབ་མོ་བྱུང་ཡོད་པ་རེད། ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཉན་དུས་མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་མྱོང་ཚོར་ཆེན་པོ་བྱུང་ལ། གོ་བདེ་ཞིང་ཤེས་སླ་བས་ང་ཚོའི་དོན་དངོས་ལས་དོན་ལ་མཛུབ་སྟོན་གྱི་དོན་སྙིང་ལྡན་འདུག་ལ་ང་ཚོ་ཁྲུང་ཆིང་གི་གནས་ཚུལ་གསལ་པོར་མཁྱེན་གྱི་འདུག ང་ཚོས་རང་གནས་སུ་ཕྱིར་ལོག་བྱས་རྗེས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་རྒྱུ་དང་། རང་བྱུང་སྐྱེ་ཁམས་ཡག་པོ་བསྐྲུན་རྒྱུ་མ་ཟད་ཁྲུང་ཆིང་དེ་ཉིད་རི་བོ་སྔོ་ཞིང་ཆུ་མོ་དྭངས་བའི་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུ་དང་། དུས་མཚུངས་སུ་ཀྲུང་དབྱང་གི་བླང་བྱར་གཞིགས་ནས་ཁྲུང་ཆིང་གི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྱོང་ཡག་པོ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

     འཐུས་མི་ཀྲུའུ་མིང་ཡུའེ་ཡིས་དྲ་སྦྲེལ་ཞབས་ཞུའི་ཉོ་ཚོང་སྟེགས་བུ་ཞིག་གསར་གཏོད་བྱས་ནས་ཚོང་གཉེར་བྱེད་ཀྱི་ཡོད་པ་དང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ནང་ནན་བཤད་གནང་བའི་ཆབ་སྲིད་སྐྱེ་ཁམས་ཀྱིས། དྲ་སྦྲེལ་སྟེགས་བུའི་དོ་དམ་ལ་ཡང་ཕན་པ་ཧ་ཅང་ཆེན་པོ་ཡོད་པའི་ངོས་འཛིན་གནང་གི་ཡོད་པ་དང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུངས་བཤད་ཉན་རྗེས། ང་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་། རྒྱལ་ཁབ་ཞིག་གམ་སྟེགས་བུ་ཞིག ཡང་ན་ཀུང་སི་ཞིག་བཅོས་སྐྱོང་བྱེད་པ་མདོར་བསྡུས་ན་ལས་སླ་པོ་རེད། སྟེགས་བུ་འདི་ཉིན་རེ་བཞིན་འཁྲུག་པོ་ཆགས་པ་བྱ་འདོད་ན། ངེས་པར་དུ་སྒྲིག་སྲོལ་ཞིག་བཟོ་དགོས་པ་དང་། སྟེགས་བུ་བེད་སྤྱོད་གཏོང་མཁན་གྱིས་ཀྱང་ངེས་པར་དུ་སྒྲིག་སྲོལ་དེར་བརྩི་སྲུང་ཞུ་དགོས་པ་དང་། སྟེགས་བུ་དེའི་སྟེང་གི་གནོད་པ་སྐྱེལ་མཁན་དག་གཙང་གསེལ་བྱེད་དགོས། ང་ཚོ་རང་གནས་སུ་ལོག་རྗེས། ཞབས་ཞུའི་ཚོང་གཉེར་སྟེགས་བུའི་སྐྱེ་ཁམས་འཛུགས་སྐྱོང་དང་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། འཐུས་མི་ལིའུ་ཅ་ཆི་ནི་གྲུང་ཆིང་བའེ་ལིང་ཁུལ་མུ་ཧེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་། ཁོང་གིས་གཏམ་བཤད་གནང་བའི་བརྒྱུད་རིམ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་དང་ལིའུ་ཅ་ཆི་ཕན་ཚུན་སྤེལ་རེས་བགྲོ་གླེང་ཐེངས་མང་གནང་ཡོད་པ་དང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅིས་གྲོང་གསེབ་ལ་དངོས་གནས་རྒྱུས་མངའ་ཆེན་པོ་འདུག ཐེངས་དང་པོར་ང་ཚོའི་སྤྱི་ཁྱབ་ཧྲུའུ་ཅི་དང་མཇལ་སྐབས། སེམས་ནང་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་ལ། རང་ཉིད་ཀྱི་སྣང་བར་ཁོང་གིས་ང་ཚོ་གྲོང་གསེབ་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་འདུག་བསམ་བྱུང་། ཐོན་ལས་སྟོབས་ཤུགས་ཆེ་དང་མི་ཆེ་དེ་སྣེ་ཁྲིད་མཁན་ལ་བལྟ་དགོས་པ་དང་། ཞིང་པ་ཕྱུག་པོ་ཆགས་པ་བྱ་དགོས་ན་ཏང་ཀྲི་པུའུ་ལ་བརྟེན་དགོས་པས། དེས་གྲོང་གསེབ་ཀྱི་གཞི་རིམ་ཏང་བཙུགས་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་མཁོའི་རང་བཞིན་ལེགས་པར་མངོན་ཐུབ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་འཁུར་དང་བཀའ་སློབ་ཕ་ཡུལ་དུ་འཁྱེར་ནས། ང་ཚོའི་གྲོང་ཚོ་ཡོངས་ཀྱི་ཡུལ་མི་སྤུན་གྲོགས་རྣམས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱ་རྒྱུར་སྣེ་ཁྲིད་བྱས་ནས། ང་ཚོའི་གྲོང་གསེབ་དར་སྤེལ་ལ་རང་ནུས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བ
  • ལེ་ཚན་རྗེས་མ།:སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་དུ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན།
  • དོ་སྣང་ཆེ་བའི་རྩོམ།