གསར་འགྱུར་གནད་བསྡུས།

        2018-03-12

     སྤྱི་ཟླ3པའི་ཚེས5ཉིན་ཁུལ་ཡོངས་ཀྱི་ནོར་སྲིད་ལས་ཀའི་ཚོགས་འདུ་དར་མདོར་འཚོགས་ཤིང་། ཚོགས་འདུའི་ཐོག་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཁུལ་ཡོངས་ཀྱི་ནོར་སྲིད་ལས་ཀར་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་སྙིང་དོན་བརྒྱུད་བསྒྲགས་བྱས་པ་དང་། ཁྱོན་ཡོངས་ནས2017ལོའི་ཁུལ་ཡོངས་ཀྱི་ནོར་སྲིད་ལས་ཀ་ཕྱོགས་བསྡོམས་དང2018ལོའི་ནོར་སྲིད་ལས་ཀ་སོ་སོ་བཀོད་བསྒྲིགས་བྱས་པ་རེད།

     ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཀྲེན་ཧྭས་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་ཁྲིད་ནས་ལི་ཐང་རྫོང་དུ་ཕེབས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སྒྲོག་འགྲེལ་མཛད་པ་དང་། རྫོང་དེས་ཁུལ་ཨུའི་དབུལ་ཐར་འགག་སྒྲོལ་གྱི་འཆར་འགོད་ལག་ལེན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད།

 


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་སློབ་གྲྭ་ཁག་གིས་རྒྱལ་གཅེས་དང་གུས་ལུགས་སློབ་གསོ་སོགས་སློབ་ འགོ་བཙུགས་པའི་སློབ་ཐུན་དང་པོའི་འཁྲིད་བྱར་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་དམངས་གཉེར་དཔལ་འབྱོར་གྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།