ཞའོ་ཡིའུ་ཚའེ་ཡིས་དཀར་མཛེས་ཁུལ་གྱིས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས།

        2018-03-08

   སྤྱི་ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོའི་སི་ཁྲོན་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་སྲིད་གཞུང་ལས་དོན་གྱི་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ་རེད།

གྲོས་ཞིབ་བྱེད་སྐབས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་སྲིད་གཞུང་ལས་དོན་གྱི་སྙན་སྒྲོན་ནང་ས་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་སའི་དཔེ་སྟོན་ས་ཁུལ་འཛུགས་པར་བྱ་དགོས་ཞེས་བཏོན་འདུག ང་ཚོས་ཧུར་ཐག་གིས་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

   དོན་དངོས་ཐོག་ནས་ར་སྤྲོད་བྱུང་དོན། སྐྱེ་ཁམས་དམིགས་སུ་བཀར་ནས་འཛིན་པའི་སྔོན་འགྲོདའི་ཆ་རྐྱེན་འོག ཡུལ་སྐོར་ནི་སི་ཁྲོན་བོད་རིགས་ས་ཁུལ་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་གཏོང་ཡས་ཡིན་ཞིང་། འདི་ཡང་ང་ཚོས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གསལ་པོ་ཡོང་བར་ཕན་ཐོགས་པ་ཡོད་པ་རེད་ཅེས་ཞའོ་ཡིའུ་ཚའེ་ཡིས་དེ་ལྟར་གསུངས་པ་རེད། ཅི་འདྲ་བྱས་ནས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་དེ་བས་ཡག་པོ་གཏང་དགོས་རེད་ཅེ་ན། ཞའོ་ཡིའུ་ཚའེ་བསམ་ན་འགྲིམ་འགྲུལ་སྔོན་དུ་སྤེལ་དགོས་པ་དེ་རེད། ཁོང་གིས་དཀར་མཛེས་ཁུལ་གྱིས་ཁྱོན་ཡོངས་ནས་རྨང་གཞིའི་སྒྲིག་བཀོད་ཇེ་ཡག་ཏུ་གཏོང་བའི་ལས་གྲྭ་ལག་ལེན་བྱས་ནས་འགྲིམ་འགྲུལ་དྲ་བ་ཇེ་མགྱོགས་སུ་འཛུགས་སྐྲུན་བྱས་ཏེ་ཕྱོགས་བཞི་མཚམས་བརྒྱད་ལ་བདེ་འགྲོ་ཐུབ་པའི་འགྲིམ་འགྲུལ་མ་ལག་སྐྲུན་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

   ཞའོ་ཡིའུ་ཚའེ་ཡིས་ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར་བྱ་རྒྱུ་དེ་དུས་རབས་གསར་པའི་དབུལ་སྐྱོར་གསར་སྦོལ་གྱི་གལ་ཆེན་ནང་གི་གལ་ཆེན་ལ་བརྩི་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་ཇུས་དང་ཟུང་འབྲེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཞིང་སྡེའི་ཡུལ་སྐོར་དང་རིག་གནས་ཡུལ་སྐོར། ལུས་རྩལ་ཡུལ་སྐོར་བཅས་མཉམ་དུ་འཕེལ་རྒྱས་བཏང་ནས་རྒྱུན་ཆད་མེད་པར་ཐོན་ལས་སྦྲེལ་མཐུད་རྒྱུན་སྲིང་བྱ་རྒྱུ་དང་། རྒྱུན་ཆད་མེད་པར་ཚོང་རའི་མུ་མཐའ་རྒྱ་སྐྱེད་གཏང་རྒྱུ་ཡིན་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་གྲོང་སྡེ374ལ2017ལོ་འཁོར་གྱི་ཁུལ་རིམ་པའི་ཡག་པོ་བཞིའི་གྲོང་སྡེའི་མཚན་སྙན་ཐོབ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་སློབ་གྲྭ་ཁག་གིས་རྒྱལ་གཅེས་དང་གུས་ལུགས་སློབ་གསོ་སོགས་སློབ་ འགོ་བཙུགས་པའི་སློབ་ཐུན་དང་པོའི་འཁྲིད་བྱར་བྱས།
  • དོ་སྣང་ཆེ་བའི་རྩོམ།