ལི་ཐང་རྫོང་གིས་སྐྱེས་ཁམས་འཛུགས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པར་སྣེ་ཁྲིད་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2018-02-08

ད་ལོར། ལི་ཐང་རྫོང་གིས་སྐྱེ་ཁམས་འཛུགས་སྐྱོང་གི་ལས་ཀ་དེ་ལས་འགན་དེ་བས་གལ་ཆེན་དུ་བརྩིས་ནས། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དང་ཐོན་སྐྱེད་འཕེལ་རྒྱས། འཚོ་བ་ཕྱུག་པོ་ཡོང་བའི་ཐབས་ལམ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་རེད།

རྫོང་དེས་སྐྱེ་ཁམས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུན་མཐུད་དུ་སྐྱེ་ཁམས་ཀྱི་ཞན་ཆ་གསབ་སྣོན་བྱ་རྒྱུ་དང་། རྒྱ་ཆེ་བའི་ཞིང་འབྲོག་མི་དམངས་ལ་ཕན་ཐོགས་པའི་ཁེ་ཕན་མཉམ་འབྲེལ་གྱི་ནང་རྐྱེན་འཛུགས་གཉེར་བྱེད་པའི་ཐབས་ཤེས་སྤྱད་རྒྱུ། སྲུང་སྐྱོང་དང་ཡོང་འབབ་འཕར་ཐབས་བྱས་ཏེ་གཉིས་ཁེ་གཉིས་ཕན་ཡོང་རྒྱུའི་དམིགས་ཡུལ་མངོན་འགྱུར་བྱས་ཏེ་ནུས་ཤུགས་གང་ཡོད་ཀྱིས་ད་ཡོད་ཀྱི་སྒྲིག་སྲོལ་ནང་རྐྱེན་བཅོས་བསྒྱུར་བྱས་ཏེ་བྱེ་འགྱུར་བཅོས་སྐྱོང་བྱ་རྒྱུ་དང་། ཤིང་འཛུགས་ནགས་བཟོ། རློན་ས་ཉམས་གསོ་བྱ་རྒྱུ་སོགས་ཀྱི་སྐྱེ་ཁམས་མཉམ་ལས་ཁང་གསར་གཏོད་འཛུགས་གཉེར་བྱ་རྒྱུ།སྐྱེ་ཁམས་བདག་སྐྱོང་པ་གསོ་སྐྱོང་བྱས་ཏེ་རྒྱ་ཆེ་བའི་ཞིང་འབྲོག་པས་རང་རྟོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་ལས་ཀའི་ནང་ཞུགས་ནས་ཡོང་འབབ་འཕར་སྣོན་གཏོང་བའི་ཕྱུག་འགྱུར་གྱི་ལམ་དུ་ཕྱིན་པའི་ཧུར་བརྩོན་རང་བཞིན་ཇེ་དྲག་ཏུ་བཏང་ཏེ་ཁྱོན་ཡོངས་ནས་ནགས་ཚལ་དང་། རྩྭ་ས། རློན་ས་བཅས་སྲུང་སྐྱོང་བྱེད་པའི་ལས་ཀ་ཟབ་ཏུ་སྤེལ་ནས་སྲུང་སྐྱོང་གི་གྲུབ་འབྲས་སྲ་བརྟན་གཏོང་གང་ཐུབ་བྱ་རྒྱུ་རེད།

རྫོང་དེས་ནུས་ཤུགས་ཡོད་རྒུས་ཁོར་ཡུག་གི་དམིགས་བསལ་གནད་དོན་ཐག་གཅོད་བྱས་ཏེ་རྫོང་ཡོངས་ཀྱི་མི་དམངས་མཉམ་དུ་ཞུགས་པའི་བྱེད་ཐབས་ལ་བརྟེན་ཏེ་ཁྱོན་ཡོངས་ནས་ལྗང་འགྱུར་ལི་ཐང་གི་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་རེད། གཞུང་ལམ་གྱིས་གཙོ་བོ་བྱས་པའི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོ་དང་། རྫོང་དང་ཤང་། གྲོང་སྡེ་བཅས་ཀྱི་གཞུང་ལམ་དུ་ལེ་དབར་སྟོང་གི་ལྗང་མདོག་ཁྱམས་རིང་འཛུགས་སྐྲུན་བྱེད་པའི་ལས་གྲྭ་ལག་བསྟར་བྱ་རྒྱུ་དང་། གཙོ་གནད་དུ་གྲོང་ཁུལ་གཅིག་དང་གཞུང་ལམ་གཉིད་བཀོད་སྒྲིག་བྱེད་པའི་སྐྱེ་ཁམས་འཛུགས་སྐྱོང་ལ་དམིགས་ནས124ཡི་ལས་གྲྭ་གཉིས་ལ་སྐུལ་འདེད་ཤུགས་ཆེན་གཏང་རྒྱུ་དང་། གྲོང་ཁྱེར་ལྷོ་ཕྱོགས་ཀྱི་འདམ་ར་ཉམས་གསོ་བྱ་རྒྱུ། སྒོ་ར་ཡོད་ཚད་སྔོ་ལྗང་བྱ་རྒྱུ། གྲོང་ཁྱེར་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་ཆུ་བོའི་ངོགས་གཉིས་སུ་ལྗང་འགྱུར་འཛུགས་སྐྲུན་བྱ་རྒྱུ། གྲོང་ཁུལ་ལྷོ་ཕྱོགས་ཀྱི་སྐྱེ་དངོས་ཁང་དང་ཚོ་གསུམ་མེ་ཏོག་ཁང་གཉིས་ཀྱི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་ཐུབ་རྒྱུ། རྫོང་གི་གྲོང་ཁུལ་གྱི་མཐུན་སྒྲིལ་ཁྲོམ་ལམ་དང་། དགེ་བསྙེན་ཁྲོམ་ལམ། བདེ་སྐྱིད་ཁྲོམ་ལམ། ཁྲུང་ཁྲུང་ལམ་ཆེན་བཅས་ཁྲོམ་ལམ་གཙོ་བོ་བཞིར་ལྗང་གི་འགྱུར་བྱ་རྒྱུ། རྫོང་གི་མཆོད་རྟེན་དཀར་པོའི་གླིང་ག་སོགས་ལྗང་འགྱུར་འདམ་ར་གླིང་ག་བཞི་བསྐྲུན་རྒྱུ། རྒྱུན་མཐུད་དུ་རི་ཐོག་ཤིང་འཛུགས་པ་དང་། ལམ་ཁར་མེ་ཏོག་འདེབས་པ།ཆུ་བོར་མཚེའུ(འདམ་ར)སྒྱུར་བའི་ལས་གྲྭ་ཡང་དུ་མཐོར་འདེགས་བཏང་ནས་ལི་ཐང་གི་ལི་ཆུའི་འདམ་རའི་གླིང་ག་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་སྟེ་ཁྱོན་ཡོངས་ནས་ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་རེད།

རྫོང་དེས་མཐུན་སྦྱོར་གསར་སྦོལ་དང་སྲུང་སྐྱོང་བར་གྱི་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་ནང་རྐྱེན་གསར་གཏོད་བྱ་རྒྱུ་དང་། རྩྭ་ཐང་གི་འདམ་ར་སྲུང་སྐྱོང་བྱེད་པའི་མ་ལག་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས། རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་དོ་དམ་ལས་ཀ་དམར་ཐིག་ལས་བརྒལ་མི་རུང་བ་དོན་འཁྱོལ་ནན་པོ་བྱ་རྒྱུ་དང་། སྐྱེ་ཁམས་སྲུང་སྐྱོང་བྱེད་སྟངས་གསར་གཏོད་བྱེད་ཅིང་། སྐྱེ་ཁམས་ཀྱི་ཕྱུག་འགྱུར་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། གྲུབ་འབྲས་གཟེངས་སུ་ཐོན་པའི་དཔེ་སྟོན་ས་ཚུགས་ཚན་པ་གཅིག་གསོ་སྐྱོང་བྱ་རྒྱུ། ཚ་མ་རིགས་དུང་ཆུ་བེད་ཨར་ལས་ལ་ཕན་འབྲས་ཐོབ་པར་སྐུལ་འདེད་ཏན་ཏིག་བཏང་ནས། སྐྱེ་ཁམས་འཕེལ་རྒྱས་བཏང་ནས་དབུལ་ཐར་འབྱོར་འབྲིང་གི་ལམ་དུ་སྐྱོད་པར་ནུས་ཤུགས་སྣོན་རྒྱུ་རེད།། 


  • ལེ་ཚན་སྔོན་མ།:ཁུལ་ནགས་ལས་ཅུས་ཀྱི་ལས་སྒྲུབ་མི་སྣ་གཞི་རིམ་དུ་ཕྱིན་ནས་ནགས་ཚལ་སྔོན་འགོག་ལས་ཀར་ལྟ་ཞིབ་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་རྫོང་སོ་སོས་ལོ་སར་ལ་གྲ་སྒྲིག་བྱེད་པའི་ཚུལ།
  • དོ་སྣང་ཆེ་བའི་རྩོམ།