རང་ཁུལ་གྱིས་བྱེད་ཐབས་དྲུག་སྤྱད་ནས་དགུན་དུས་གནོད་འགོག་གནོད་སེལ་གྱི་ལས་ཀ་སྒྲུབ།

བདེ་སྐྱིད་ཀྱིས་བསྒྱུར།        2018-02-08

དཔྱིད་གསར་དུས་ཆེན་དང་བོད་ལོ་གསར་ཤར་ཉེ་ཡོད་པའི་སྐབས་སུ། རང་ཁུལ་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དུས་སུ་གནོད་འགོག་གནོད་སེལ་ལས་ཀར་ཧ་ཅང་མཐོང་ཆེན་བྱས་ནས་སྔར་ལྷག་གིས་ལས་ཀའི་བྱེད་ཐབས་ཇེ་དྲག་ཏུ་བཏང་སྟེ་མ་འོངས་སྔོན་འགོག་ཡག་པོ་བྱས་པ་རེད།

གཅིག་ནི་འགོ་ཁྲིད་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏང་དགོས། ཁུལ་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་འོག་ཏུ་བཙུགས་པའི་ཆེད་དོན་འཕྲལ་སྒྲུབ་བཀོད་འདོམས་ལས་ཁུངས11གིས་འབྲེལ་ཡོད་ཁྱབ་ཁོངས་ནང་གི་ཐོལ་བྱུང་དོན་རྐྱེན་དོགས་ཟོན་དང་ཉེན་བརྡ། ཁ་གཏད་འཇལ་བའི་ལས་ཀ་དོན་འཁྱོལ་བྱེད་པར་ལྟ་སྐུལ་ཁྲིད་སྟོན་བྱ་དགོས། གཉིས་ནི་སྔོན་བཀོད་དོ་དམ་འཐུས་ཚང་དུ་གཏང་དགོས། རྫོང﹙གྲོང་ཁྱེར﹚ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གནོད་འགོག་གནོད་སེལ་ལས་ཀ་དང་འཕྲལ་བསྟུན་དོ་དམ་ལས་ཀའི་ནང་བྱུང་བའི་གནས་ཚུལ་གསར་པ་དང་འགྱུར་ལྡོག་གསར་པར་གཞིགས་ནས་འཕྲལ་སྒྲུབ་ཀྱི་སྔོན་བཀོད་འཆར་གཞི་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བར་ལྟ་སྐུལ་བྱ་དགོས་པ་དང་། རིམ་པ་ཁག་དང་སྡེ་ཁག་སོ་སོས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱ་རྒྱུའི་གོ་རིམ་ཁོང་དུ་ཆུད་པར་ལྟ་སྐུལ་བྱས་ནས། འཕྲལ་སྒྲུབ་ནང་སྦྱོང་སྒྲིག་འཛུགས་བྱས་ནས་སྔོན་བཀོད་འཆར་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། གསུམ་ནི་འཕྲལ་སྒྲུབ་ཀྱི་གྲོས་མོལ་བྱེད་སྒོ་སྤེལ་དགོས། 2018ལོའི་ཐེངས་དང་པོའི་འཕྲལ་སྒྲུབ་ལས་ཀའི་ཚོགས་འདུའི་གྲོས་མོལ་བྱས་ནས་གནམ་གཤིས་དང་ནགས་ལས། ཕྱུགས་འབྲོག རྒྱལ་ས་ཐོན་ཁུངས་སོགས་སྡེ་ཚན་བཅས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ལ་གཞིགས་ཏེ་ཁུལ་ཡོངས་ཀྱི་གནོད་སྐྱོན་གནས་ཚུལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་མཐར། ཁ་གཏད་འཇལ་ཐབས་ཞིབ་འཇུག་དང་བཀོད་སྒྲིག་བྱ་དགོས། བཞི་ནི་འཕྲལ་སྒྲུབ་ལས་རེས་བྱེད་ཤུགས་ཆེ་རུ་གཏང་དགོས། རྫོང﹙གྲོང་ཁྱེར﹚ཁག་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་ཀྱིས་ལས་གནས་ཐོག་ལས་རེས་སྣེ་ཁྲིད་དོན་འཁྱོལ་ནན་པོ་བྱས་ནས་ཆུ་ཚོད24ལ་ལས་རེས་ལམ་ལུགས། དུས་བཀག་ངེས་མེད་ཀྱི་རྫོང﹙གྲོང་ཁྱེར﹚ཁག་དང་སྡེ་ཁག་སོ་སོ། ཤང་དང་གྲོང་རྡལ་ཁག་གི་ལས་རེས་གནས་ཚུལ་སྐོང་འཐེན་ཞིབ་བཤེར་བྱ་རྒྱུར་སྐུལ་འདེད་གཏང་དགོས། ལྔ་ནི་སྔོན་འགོག་དང་ཁ་གཏད་འཇལ་བའི་བྱེད་ཐབས་ཧུར་ཐག་བྱ་དགོས། རྫོང﹙གྲོང་ཁྱེར﹚ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་རྐྱེན་ངན་སྐོང་འཐེན་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། སྔ་སྣུར་ཙམ་བཀོད་སྒྲིག་དང་སྔ་སྣུར་ཙམ་ཉེན་བརྡ། སྔ་སྣུར་ཙམ་ཐག་གཅོད་བྱ་དགོས། དྲུག་ནི་ལས་ཆོད་ཆེ་བའི་བཀོད་འདོམས་བྱ་རྒྱུར་འགན་ལེན་བྱ་དགོས། མིག་སྔར་རང་ཁུལ་གྱི་འཕྲལ་སྒྲུབ་བཀོད་འདོམས་རླངས་འཁོར་ཐོགས་འགག་མེད་པར་བེད་སྤྱོད་བྱེད་ཐུབ་པར་འགན་ལེན་བྱ་དགོས།། 


  • ལེ་ཚན་སྔོན་མ།:ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་མཁན་ལས་བྱེད་པར་འཚམས་འདྲི་ཞུ་བའི་དཔྱིད་གསར་ཇ་སྟོན་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།
  • ལེ་ཚན་རྗེས་མ།:ཁུལ་ནགས་ལས་ཅུས་ཀྱི་ལས་སྒྲུབ་མི་སྣ་གཞི་རིམ་དུ་ཕྱིན་ནས་ནགས་ཚལ་སྔོན་འགོག་ལས་ཀར་ལྟ་ཞིབ་བྱས།
  • དོ་སྣང་ཆེ་བའི་རྩོམ།