ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་མཁན་ལས་བྱེད་པར་འཚམས་འདྲི་ཞུ་བའི་དཔྱིད་གསར་ཇ་སྟོན་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2018-02-08

སྤྱི་ཟླ2པའི་ཚེས2ཉིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་མཁན་ལས་བྱེད་པར་འཚམས་འདྲི་ཞུ་བའི་དཔྱིད་གསར་ཇ་སྟོན་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཇ་སྟོན་ཚོགས་འདུའི་ནང་ཕེབས་ནས་གསུང་བཤད་གལ་ཆེན་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས2017ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཚུལ་ངོ་སྤྲོད་མཛད་པ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་གྲོས་ཚོགས་ནང་ཞུགས་ཡོད། ཇ་སྟོན་ཚོགས་འདུ་མ་འཚོག་སྔོན་དུལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་སོགས་ཁུལ་གྱི་འགོ་ཁྲིད་ཀྱིས་ཆེད་དུ་ཁྲེང་ཏུའུ་ལ་ཡོད་པའི་རང་ཁུལ་གྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་ལས་བྱེད་པ་ཁ་ཤས་ལ་འཚམས་འདྲི་ཞུས་ནས་ཁོང་རྣམ་པར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།

ལིའུ་ཁྲེང་མིང་གིས་ཁུལ་རིམ་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་མཁན་ལས་བྱེད་པ་རྒན་པ་དང་བཞུགས་མོལ་གནང་སྐབས་ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས་ཀྱི་ཚབ་མཛད་ནས་ལས་བྱེད་པ་རྒན་པས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཆེ་ཞུས་པ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཁོང་གིས2017ལོ་ནི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་དང་རྒྱུན་སྲིང་ངང་འཕེལ་རྒྱས་བྱུང་ཡོད། དམངས་འཚོ་བྱ་གཞག་རྒྱུན་ཆད་མེད་པར་ལེགས་བཅོས་ཡོང་བ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡིན་ལ། ལས་བྱེད་པ་དང་མང་ཚོགས་ལས་ལ་བརྩོན་ཞིང་། ཁུལ་ཡོངས་སུ་དཔལ་འབྱོར་དང་དམངས་འཚོ། བརྟན་བརླིང་བཅས་ལས་ཀ་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཏེ་མཆོང་བརྒལ་གསར་པ་ཐུབ་ཡོད། དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་སྲ་ཞིང་བརྟན་པའི་འགོ་ཁྲིད་གནང་འོག་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འབད་བརྩོན་ལྷོད་མེད་བྱས་པ་དང་འདིའི་ཞུགས་པའི་ལས་བྱེད་པ་རྒན་པས་རྨང་གཞི་བརྟན་པོ་བཏིང་པ་དང་དཀའ་སྤྱད་འབད་འཐབ་བྱས་པ་དང་་བྲལ་ཐབས་མེད་པ་རེད་ཅེས་གསུངས། ཁོང་གིས་ཁུལ་གྱི་ཚོགས་པ་ཆེན་པོ་བཞིའི་ཚབ་མཛད་ནས་ཚང་མས་དཀར་མཛེས་ཁུལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར། རོགས་རམ་བཅས་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། འགོ་ཁྲིད་རྒན་པ་དང་རྒན་རབས་པ། བློ་མཐུན་རྒན་པར་མུ་མཐུད་ནས་རང་ཁུལ་གྱི་བྱ་གཞག་ཁག་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་ཞིང་། ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱས་ཏེ་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་མུ་མཐུད་ནས་བྱས་རྗེས་འཇོག་རོགས་ཞེས་ཐུགས་རེ་གནང་བ་རེད།

བཞུགས་མོལ་གནང་སྐབས། འགོ་ཁྲིད་རྒན་པ་མཁྱེན་རབ་དང་ཉིང་ཧྲའོ་ཝུའུ། བློ་བཟང་ཆོས་འཕེལ་གྱིས་སྔོན་རྗེས་སུ་གསུང་བཤད་གནང་བ་རེད། ཁོང་རྣམ་པས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཡུན་རིང་པོར་ལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོ་བྱེད་མཁན་ལས་བྱེད་པ་རྒན་པར་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ལས་བྱེད་པ་རྒན་པ་ཚོས་སྔ་མ་ནང་བཞིན་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་དོ་ཁུར་དང་སེམས་ཁུར་བྱེད་པ་དང་ཧུར་ཐག་གིས་དཀར་མཛེས་ཁུལ་འཕེལ་རྒྱས་གཏང་རྒྱུར་རང་ནུས་ཅི་ཐུབ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།། 


  • ལེ་ཚན་སྔོན་མ།:ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་ཚོགས་པས་རང་ཁུལ་གྱི་ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་ལས་བྱེད་པར་འཚམས་འདྲི་གནང་།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་བྱེད་ཐབས་དྲུག་སྤྱད་ནས་དགུན་དུས་གནོད་འགོག་གནོད་སེལ་གྱི་ལས་ཀ་སྒྲུབ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10