ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་ཚོགས་པས་རང་ཁུལ་གྱི་ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་ལས་བྱེད་པར་འཚམས་འདྲི་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2018-02-08

སྤྱི་ཟླ་དང་པོའི་ཚེས29ནས་ཚེས30ཉིན་གྱི་བར། ཁུལ་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལིའུ་ཅི་ཞང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་ཚོགས་པ་སྣེ་ཁྲིད་བྱས་ནས། སྔོན་རྗེས་སུ་ཧྲོང་ལིའུ་དང་ཝུན་ཅང་། ཁྲེན་ཏུའུ་བཅས་ས་གནས་གསུམ་དུ་རྫོང་རིམ་པ་གཞོན་པ་ཡན་གྱི་ལས་འཁྱུར་ངལ་གསོ་བྱེད་མཁན་ལས་བྱེད་པར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།

ལིའུ་ཅི་ཞང་གིས་རྒྱ་ཆེའི་ལས་འཁྱུར་ངལ་གསོ་བྱེད་མཁན་ལས་བྱེད་པའི་མི་ཚེ་ཉམས་མྱོང་དང་ལས་ཀ་བསྒྲུབ་རྒྱུའི་ཉམས་མྱོང་ཕུན་སུམ་ཚོགས་པོ་དེ་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ལ། ལས་བྱེད་པ་རྒན་པ་ཚོས་རྒྱུན་དུ་དཀར་མཛེས་ཁུལ་དུ་ཕྱིན་ནས་ལས་ཀར་ཞིབ་བཤེར་མཛུབ་ཁྲིད་དང་། སྔོ་མ་ནང་བཞིན་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཁུལ་དང་རྒྱབ་སྐྱོར་བྱེད་རོགས་དང་། མུ་མཐུད་ནས་མཛེས་སྡུག་སྐྱེ་ཁམས་དང་འབྱོར་འབྲིང་འཆམ་མཐུན་གྱི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་རྒྱུར་བློ་གྲོས་དང་སྟོབས་ཤུགས་རྒྱག་རོགས་ཞེས་རེ་བ་བཏོན་པ་དང་། ལས་བྱེད་པ་རྒན་པ་ཚོའི་སེམས་ཁམས་བཟང་བོ་རྒྱུན་སྲུང་བྱས་ནས་ཚེ་མཇུག་སྐྱིད་པོ་ཡོང་བར་སྨོན་འདུན་ཞུས་པ་རེད།། 


  • ལེ་ཚན་སྔོན་མ།:རོང་བྲག་རྫོང་གི་ཁྱིམ་ཚང་དབུལ་ཕོངས་ཀྱིས་སྟབས་བདེའི་སྨན་སྒམ་ཆུང་ཆུང་ལེན་རྒྱུ་ཡོད།
  • ལེ་ཚན་རྗེས་མ།:ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་མཁན་ལས་བྱེད་པར་འཚམས་འདྲི་ཞུ་བའི་དཔྱིད་གསར་ཇ་སྟོན་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།