ཁུལ་བཟོ་ཚོང་ཅུས་ཀྱིས་དུས་ཆེན་སྔོན་ལ་ཚོང་རར་ཞིབ་བཤེར་བྱས་ཏེ་འཛད་སྤྱོད་ཉེན་མེད་ཡོང་བར་འགན་སྲུང་བྱས།

མིག་དམར་གྱིས་བསྒྱུར།        2018-02-07

ཏན་ཏིག་གིས་རང་ཁུལ་གྱི་དཔྱིད་གསར་དུས་ཆེན་དང་བོད་ལོ་སར་སྐབས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་ལམ་དང་འཛད་སྤྱོད་པའི་ཁེ་དབང་ལ་འགན་སྲུང་དང་། མི་དམངས་མང་ཚོགས་ཀྱི་འཛད་སྤྱོད་ཉེན་མེད་ལ་འགན་སྲུང་བྱེད་ཆེད། ཁུལ་བཟོ་ཚོང་ཅུས་ཀྱིས2018ལོའི་ཚོང་ར་དག་ཐེར་བྱ་སྤྱོད་བྱེད་པའི་འགག་རྩའི་དུས་སུ་དུས་ཆེན་གྱི་ཆེད་དོན་ལས་ཀའི་རྩ་འཛུགས་བཙུགས་ནས་དར་མདོ་དང་འབའ་ཐང་། ལི་ཐང་། རྟའུ་སོགས་རྫོང་(གྲོང་།)13དུ་ཕྱིན་ནས་ཚོང་རའི་ཆེད་དོན་ཞིབ་བཤེར་བྱས་པ་རེད།
དུས་ཆེན་གྱི་འཛད་སྤྱོད་ཁྱད་ཆོས་ལ་དམིགས་ནས་ཅུས་དེས་བཟའ་བཅའ་དང་ཆང་རིགས། བྲོ་བ་ཞིམ་པོ་བཟོ་རྫས། གོན་ཆས། ཉེ་མཁོ་སྤྱོད་རྫས། མི་རིགས་མཁོ་རྫས་སོགས་ལ་ཞིབ་བཤེར་གཙོ་བོ་བྱས་ཏེ། རྫོང་ཁག་སོ་སོར་སོང་ནས་ཚོང་རའི་འཁོར་རྒྱུག་ཁྱབ་ཁོངས་ཀྱི་ཚོང་ཟོག་སྤུས་ཚད་ལ་ཞིབ་བཤེར་བྱས་ནས་ཚད་གཞི་མ་ལོན་པའི་ཐོན་རྫས་དུས་ཆེན་གྱི་ཚོང་ར་རུ་འགྲོ་བར་སྔོན་འགོག་བྱས་པ་དང་ཆབས་ཅིག ལས་དོན་ཚོ་ཆུང་གིས་མཉམ་དུ་གཉེར་སྐྱོང་དུད་ཚང་གི་དཔང་ཡིག་ལག་ཁྱེར་དང་འཕྲོད་བསྟེན། ཚོང་ཟོག་བཅས་ལ་ཞིབ་བཤེར་བྱས་པ་རེད། ཚོང་རའི་ཕྱི་མཁོ་ཆ་རྐྱེན་འཛུགས་སྐྱོང་དང་ཚོང་རའི་དོ་དམ་ཐད་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་ཁྱོན་ཡོངས་དང་ཞིང་ཕྲའི་སྒོ་ནས་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་བྱེད་ཁྲོད་མཐོང་བའི་གནས་ཚུལ་རྣམས་ལ་དུས་ཐོག་ཏུ་གཉེར་སྐྱོང་དུད་ཚང་ལ་དག་བཅོས་བྱ་དགོས་པའི་རེ་བ་བཏོན་པ་རེད། དེ་དང་མཉམ་དུ་ཁུལ་དང་རྫོང(གྲོང་།)བཟོ་ཚོང་ཅུས་ཀྱིས12315འཛད་སྤྱོད་ཁེ་དབང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞུ་གཏུག་ཐེར་འདོན་གྱི་བགྲོད་ལམ་ཤར་གཏོང་བྱས་ཏེ། ཞུ་གཏུག་ཡོད་ན་དང་ལེན་བྱེད་ངེས་དང་གྱོན་དོན་ཡོད་ན་རྩད་གཅོད་བྱེད་ངེས། འཛད་སྤྱོད་རྩོད་གླེང་ཡོད་ན་ཐག་གཅོད་ཡག་པོ་བྱས་ཏེ། ཏན་ཏིག་གིས་འཛད་སྤྱོད་པའི་ཁེ་དབང་འགན་སྲུང་ཡག་པོ་བྱ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་བསྐྲུན་པ་རེད།
དུས་ཆེན་སྔོན་དུ་ཚོང་རའི་ཆེད་དོན་ཞིབ་བཤེར་སྤེལ་བར་བརྒྱུད། རྫོང(གྲོང་།)ཁག་སོ་སོས་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྔར་ལྷག་གིས་ཚོང་རའི་འཛད་སྤྱོད་ཁོར་ཡུག་ལེགས་བཅོས་བྱས་ནས། རྒྱ་ཆེ་བའི་མང་ཚོགས་ཀྱི་འཛད་སྤྱོད་ཉེན་མེད་ལ་འགན་སྲུང་བྱས་པ་རེད།། 

  • ལེ་ཚན་སྔོན་མ།:ཁམས་དར་ཟམ་ཆེན་གྱི་ཟམ་སྣེ་གཉིས་ལེགས་འགྲུབ་ངང་སྦྲེལ་མཐུད་བྱས།
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་གི་ཁྱིམ་ཚང་དབུལ་ཕོངས་ཀྱིས་སྟབས་བདེའི་སྨན་སྒམ་ཆུང་ཆུང་ལེན་རྒྱུ་ཡོད།
  • དོ་སྣང་ཆེ་བའི་རྩོམ།