ཁམས་དར་ཟམ་ཆེན་གྱི་ཟམ་སྣེ་གཉིས་ལེགས་འགྲུབ་ངང་སྦྲེལ་མཐུད་བྱས།

ཡེ་མགོན།        2018-02-07

ཁམས་དར་ཟམ་ཆེན་གྱི་ཟམ་སྣེ་གཉིས་ལེགས་འགྲུབ་ངང་སྦྲེལ་མཐུད་བྱས།

      སྤྱི་ཟླ2པའི་ཚེས6ཉིན་གྱི་སྔ་དྲོའི་ཆུ་ཚོད11དང་སྐར་མ18ཡས་མས་སུ་ཁྲོན་བོད་གཞུང་ལམ་གྱི་ཟམ་ཆེན་དང་པོ་ཞེས་མཚན་སྙན་ཡོད་པའི་ཁམས་དར་ཟམ་ཆེན་གྱི་ཟམ་སྣེ་གཉིས་ལེགས་འགྲུབ་ངང་སྦྲེལ་མཐུད་བྱས་པ་རེད།

ཁམས་དར་ཟམ་ཆེན་གྱི་ཟམ་སྣེ་གཉིས་ལེགས་འགྲུབ་ངང་སྦྲེལ་མཐུད་བྱས།

      ཟམ་སྣེ་གཉིས་སྦྲེལ་མཐུད་བྱས་རྗེས། ཟམ་ཆེན་འདིའི་ཟམ་གདན་ཁྱོན་ཡོངས་ནས་ཨར་ལས་བྱེད་པའི་དུས་རིམ་དུ་འཇུག་པ་དང་ཆབས་ཅིག  དར་མདོ་ནས་གཡག་རྔའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རླངས་འཁོར་ཤར་གཏོང་བྱེད་མེད་པའི་སྤྱི་ལེ40ཡི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་བྱེད་པར་རྨང་གཞི་བརྟན་པོ་བཏིང་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མ་དངུལ་སྒོར་དུང་ཕྱུར10ལྷག་གཏོང་འཇོག་བྱས་ནས་བསྐྲུན་པའི་ཟམ་ཐག་གཙོ་བོ་དང་དཀྲི་པའི་ལྕགས་སྐུད་ཀྱི་ལྗིད་ཚད་བསྡོམས་འབོར་ཏུན་ཁྲི་ལྷག་ཡོད་ཅིང་། རིང་ཚད་བསྡོམས་འབོར་སྤྱི་ལེ་ཁྲི6ཡོད་པའི་ལྕགས་སྐུད་རྣམས་སྦྲེལ་མཐུད་བྱས་ན་སའི་གོ་ལར་སྐོར་ར་གཅིག་དཀྲི་ཆོག་པའི་ཟམ་ཆེན་འདིའི་རིང་ཚད་བསྡོམས་འབོར་སྨི1411ཡོད་པའི་ནང་ནས་ཟམ་གདན་གཙོ་བོའི་རིང་ཚད་སྨི1100ཡོད་པ་རེད། འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་སྤྱི་ཟླ8པའི་ཟླ་མཇུག་སྔོན་དུ་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲིལ་པོའི་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྒྱུའི་འཆར་གཞི་ཡོད་པ་རེད། ། 


  • ལེ་ཚན་སྔོན་མ།:གྲང་ངར་ཆེ་བའི་དགུན་དུས་ཀྱིས་རང་ཁུལ་གྱི་ས་གནས་ཁག་གིས་བདེ་དྲོད་སྟེར་བའི་གོམ་སྟབས་འགོག་མི་ཐུབ།
  • ལེ་ཚན་རྗེས་མ།:ཁུལ་བཟོ་ཚོང་ཅུས་ཀྱིས་དུས་ཆེན་སྔོན་ལ་ཚོང་རར་ཞིབ་བཤེར་བྱས་ཏེ་འཛད་སྤྱོད་ཉེན་མེད་ཡོང་བར་འགན་སྲུང་བྱས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10