གྲང་ངར་ཆེ་བའི་དགུན་དུས་ཀྱིས་རང་ཁུལ་གྱི་ས་གནས་ཁག་གིས་བདེ་དྲོད་སྟེར་བའི་གོམ་སྟབས་འགོག་མི་ཐུབ།

ཀུན་དགས་བསྒྱུར།        2018-02-06

ལྕགས་ཟམ་རྫོང་།

དཀའ་ངལ་ཡོད་པའི་གཞོན་ནུ་ལོ་ཆུང་རྣམས་ཉེན་མེད་བདེ་དྲོད་འཛོམས་པའི་དགུན་དུས་བརྒལ་བ་དང་བདེ་སྐྱིད་ཀྱི་ལོ་སར་རོལ་བར་རོགས་རམ་བྱ་ཆེད། སྤྱི་ཟླ་དང་པོའི་ཚེས17ནས་ཚེས19ཉིན་གྱི་བར། ལྕགས་ཟམ་རྫོང་མི་རབས་རྗེས་མར་དོ་ཁུར་བྱེད་པའི་ལས་སྒྲུབ་ཨུ་ཡོན་ལྷན་ཁང་དང་རྫོང་ཨུའི་དྲིལ་བསྒྲགས་པུའུ། རྫོང་སློབ་གསོ་ཅུས་བཅས་ཀྱིས་རྒན་གྲས་ལྔའི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་བཅུ་ལྷག་ལ་རྒན་གཞོན་ལག་གདང་སྦྲེལ་ནས་གཉེན་ཉེ་ལ་རོགས་རམ་བྱེད་ཞེས་པའི་བརྗོད་དོན་གཙོ་བོར་བྱས་པའི་དགུན་དུས་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།

འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་དགུན་ཁའི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་ནི་ཏང་དང་སྤྱི་ཚོགས་ཀྱི་ཐུགས་ཁུར་ཡིན་ཏེ་དཀའ་ངལ་ཡོད་པའི་གཞོན་ནུ་ལོ་ཆུང་ཚོར་རང་རྟོགས་སུ་ཀུན་སྤྱོད་བཟང་པོ་བསྐྱངས་པ་དང་སློབ་སྦྱོང་ལ་འབད་བརྩོན་བྱ་དགོས་པའི་སྐུལ་སློང་ཡིན་ཞིང་། ཆུང་དུས་ནས་མེས་རྒྱལ་ལ་དགའ་ཞེན་དང་མི་དམངས་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན་ཡོད་པའི་མི་བཟང་པོ་དང་ཡ་རབས་ཚུལ་ལྡན་ཞིག་བྱ་དགོས་པའི་སྐུལ་སློང་བྱས་པ་ཞིག་ཀྱང་ཡིན་པ་རེད། ལག་ཏུ་འཚམས་འདྲིའི་དངོས་པོ་ཁྱེར་བའི་སློབ་མ་ཞིག་གིས་ངས་ནམ་ཡང་ཁྱེད་ཚོའི་མཛའ་བརྩེ་དང་ཐུགས་ཁུར་བརྗེད་མི་སྲིད། ངས་ནམ་ཡང་ཡིད་ལ་བཅངས་ངེས། ངས་སློབ་སློང་ལ་འབད་བརྩོན་ཡག་པོ་བྱས་ནས་མེས་རྒྱལ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་ཐུབ་པའི་མི་ཞིག་བྱ་རྒྱུ་ཡིན་ཞེས་བཤད། རོགས་སྐྱོར་ཐོབ་པའི་སློབ་མའི་ཁྱིམ་བདག་དག་གིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་དང་གཅེས་སྐྱོང་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་རྫོང་ཡོངས་ཀྱི་གཞོན་ནུ་ལོ་ཆུང134ལ་སྲིང་བལ་སྟོད་ཐུང་དང་སྐེ་དཀྲིས། ལག་ཤུབས། ཞྭ་མོ་སོགས་དགུན་ཁའི་སྤྱོད་ཆས་བྱིན་པ་རེད།

ཁུལ་ནགས་ལས་ཅུས་དང་དཀར་མཛེས་ཁུལ་ཞིང་ལས་འཕེལ་རྒྱས་དངུལ་ཁང་ཡན་ལག་དངུལ་ཁང་།

ཁུལ་ནགས་ལས་ཅུས་དང་དཀར་མཛེས་ཁུལ་ཞིང་ལས་འཕེལ་རྒྱས་དངུལ་ཁང་ཡན་ལག་དངུལ་ཁང་གིས་ཁག་དབྱེ་ནས་སྤྱི་ཟླ་དང་པོའི་ཚེས19 ཉིན་དང་སྤྱི་ཟླ་དང་པོའི་ཚེས21ཉིན་སྡེ་དགེ་རྫོང་ཨོ་སྒོང་ཤང་དང་རྫ་ཁོག་བར་མ་ཤང་དུ་ཕྱིན་ནས་ཏང་ཀྲི་པུའུ་ཡིས་མཉམ་འཛུགས་མཉམ་བསྐྲུན་གྱི་རོགས་སྐྱོར་བྱེད་སྒོ་དང་དཔྱིད་གསར་དུས་ཆེན་ལ་འཚམས་འདྲི་ཞུ་བའི་བྱེད་སྒོ་སྤེལ་བ་རེད།

ཨོ་སྒོང་ཤང་དུ་ཁུལ་ནགས་ལས་ཅུས་ཀྱི་ལས་སྒྲུབ་ཚོ་ཆུང་གིས་ཤང་དེའི་གེ་སྒང་གྲོང་སྡེ་དང་ཆོས་གཤིས་གྲོང་སྡེའི་གཉེན་འཚོལ་ཏང་ཀྲི་པུའུ35དང་བཞུགས་མོལ་ཚོགས་འདུ་འཚོགས་ཡོད་ཅིང་། ཚོགས་འདུའི་ཐོག་ཏུ་ཁ་བརྡ་བྱེད་རེས་བྱས་པར་བརྒྱུད་ཚང་མའི་བསམ་ཚུལ་དང་འཚོ་བའི་གནས་ཚུལ། མིག་སྔར་འཕྲལ་དུ་ཐག་གཅོད་བྱ་དགོས་པའི་དངོས་ཡོད་དཀའ་ངལ་སོགས་ལ་རྒྱུས་ལོན་བྱས་པར་མ་ཟད། ཏང་ཡོན་མི་རེར་བཟའ་སྣུམ་དང་གྲོ་ཕྱེ། བོད་ཇ་སོགས་འཚམས་འདྲིའི་དངོས་པོ་སྟེར་བ་དང་། དབུལ་ཕོངས་ཏང་ཡོན4ལ་སོ་སོ་འཚམས་འདྲིའི་མ་དངུལ་སྒོར500རེ་བྱིན་ནས་ཚང་མར་དྲོད་སྐྱིད་འཛོམས་པའི་དུས་ཆེན་ཞིག་གཏོང་བར་འགན་ལེན་བྱས་པ་དང་ཆབས་ཅིག ཁུལ་ནགས་ལས་ཅུས་ཀྱི་ཏང་ཀྲི་པུའུ་ཡིས་ངེས་པར་དུ་ཏང་ཀྲི་པུའུ་ཡིས་མཉམ་འཛུགས་མཉམ་བསྐྲུན་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་ཐུན་མོང་དུ་ཀྲི་པུའུ་ཡི་གསར་གཏོད་བྱེད་ནུས་མཐོར་འདེགས་དང་གོང་བུར་འགྲིལ་ཤུགས། འཐབ་འཛིང་བྱེད་ནུས་ཆེ་རུ་གཏོང་བ། སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་ཏང་འཛུགས་སྐྱོང་དང་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་བཏང་བ་རེད།

རྫ་ཁོག་བར་མ་ཤང་དིའུ་ལུང་གྲོང་སྡེའི་བྱེད་སྒོ་སྤེལ་ཁང་དུ་ཞིང་ལས་འཕེལ་རྒྱས་དངུལ་ཁང་དཀར་མཛེས་ཁུལ་ཡན་ལག་དངུལ་ཁང་གི་ལས་སྒྲུབ་ཚོ་ཆུང་གིས་གྲོང་ཚོའི་གནས་ཚུལ་དང་རོགས་སྐྱོར་བྱ་ཡུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་གནས་དེ་གའི་གཞི་རིམ་ལས་བྱེད་པ་དང་ཏང་ཡོན་འཐུས་ཚབ་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཐུན་མོང་དུ་ཐོན་ལས་དབུལ་སྐྱོར་གྱི་ལམ་བུ་གསར་པ་སྐོར་དཔྱད་བསྡུར་བྱས་པར་མ་ཟད་གྲོང་སྡེ་དེའི་ཏང་ཡོན་བྱེད་སྒོ་སྤེལ་ཁང་ལ་བརྙན་འཕྲིན་དང་ཏང་འཛུགས་དུས་དེབ། ཚོགས་ཆེན་བཅུ་དགུ་པའི་སློབ་སྦྱོང་གི་ཆེད་སྤྱོད་འབྲི་དེབ་སོགས་འཚམས་འདྲིའི་དངོས་པོ་བྱིན་པ་རེད།

རོང་བྲག་རྫོང་།

བསྟུད་མ་ཉིན་ཤས་རིང་ལ་རོང་བྲག་རྫོང་གི་འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་དང་ལས་ཁུངས་ཁག་གི་ལས་བྱེད་པས་མ་སྐུལ་དང་བླངས་ཀྱིས་ཞབས་ཞུ་བྱེད་པ། ཤང་དང་གྲོང་རྡལ་གྱི་ལས་བྱེད་པས་དཀའ་ངལ་སེལ་རོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ15ཡི་གྲོང་སྡེ185(འདུས་སྡེ་ཁུལ)དང་སློབ་གྲྭ། དགོན་པ་སོགས་གཞི་རིམ་དུ་སྐྱོད་པ་དང་དཀའ་གནད་སེལ་བ། དོན་དངོས་ཀྱི་གནད་དོན་བསྒྲུབས་ནས་མི་དམངས་མང་ཚོགས་ལ་ཏང་གི་བཀའ་དྲིན་དང་སྲིད་གཞུང་གི་ཐུགས་ཁུར་ཉམས་སུ་མྱོང་དུ་བཅུག་པ་རེད།

ཡོད་ཟ་སློབ་ཆུང་དུ་གུང་གཞོན་ཚོགས་པའི་རྫོང་ཨུ་ཡིས་ཁྲེང་ཧྭ་ཆུས་ཀྱི་གུང་གཞོན་ཚོགས་པ་དང་ཁྲེང་ཧྭ་ཆུས་མི་རབས་རྗེས་མར་དོ་ཁུར་བྱེད་པའི་ལས་སྒྲུབ་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་བྱས་ཏེ་ཕྲུ་གུ་ཚོར་སེམས་སྐྱིད་ཁུག་མ104བྱིན་པ་དང་ཆབས་ཅིག་ཏུ་ད་དུང་ཞག་སྡོད་སློབ་མ53ལ་སྲིང་བལ་ཉལ་ཆས་སོགས་བྱིན་པ་རེད། སྤྲོ་སྣང་ཤང་གི་དབུལ་ཕོངས་གྲོང་སྡེ་འགོ་མ་གྲོང་སྡེ་ལ་འབྲེལ་བ་བྱེད་མཁན་སྡེ་ཚན་རྫོང་ཁྲིམས་ཁང་གིས་དབུལ་ཕོངས་དུད་ཚང6དང་གྲོང་མི་དབུལ་ཕོངས26ལ་ཉལ་ཐུལ་དང་ཀམ་པ་ལི་ཉལ་ཆས32བྱིན་ཡོད་པ་རེད། རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས་ཀྱིས་རྫོང་མི་དམངས་སྨན་ཁང་དང་རྫོང་བོད་སྨན་ཁང་། རྫོང་རིམས་ནད་ཚོད་འཛིན་ལྟེ་གནས། རྫོང་བུད་མེད་དང་འཆར་ལྡན་བུ་བཙའི་ལྟེ་གནས། དཔའ་དབང་ཤང་འཕྲོད་བསྟེན་ཁང་སོགས་རྩ་འཛུགས་བྱས་ནས་དཔའ་དབང་ཤང་དང་གསང་སྔགས་དགོན་དུ་ཕྱིན་ནས་འཕྲོད་བསྟེན་གཞི་རིམ་དུ་བསྐྱལ་བའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་དུ་མིའི་ཐེངས་གྲངས800 ལྷག་ལ་རིན་པ་མི་དགོས་པར་ནད་བརྟག་སྨན་བཅོས་བྱས་པ་དང་དགོན་པའི་གྲྭ་བཙུན13ལ་མི་རེར་རིན་གོང་སྒོར་ལྔ་བརྒྱ་ཙམ་གྱི་གཟུགས་པོར་བརྟག་དཔྱད་བྱས་པ། སྒོར11000 རི་བའི་སྨན་རྫས་དང་དྲིལ་བསྒྲགས་ཡིག་རིགས1800 ལྷག་བཀྲམ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེས2018 ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བའི་འགྲོ་གྲོན་སྒོར་ཁྲི190 ལྷག་བཀོད་སྒྲིག་བྱས་ཡོད་ཅིང་། གཙོ་བོ་ཏང་ཡོན་རྒན་གྲས་དང་དབུལ་ཕོངས་ཏང་ཡོན། རྟེན་མེད་ཁེར་ལུས་རྒན་རྒོན། དབང་པོ་སྐྱོན་ཅན། དབུལ་ཕོངས་ཁྱིམ་ཚང་། དགོན་སྡེའི་གྲྭ་བཙུན། གནོད་འཚེ་ཕོག་པའི་མང་ཚོགས་སོགས་དམིགས་བསལ་མི་ཚོགས་ལ་འགྲེམ་གཏོང་བྱ་རྒྱུ་ཡིན་པ་རེད།།

  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་ཉི་ནུས་ལམ་སྒྲོན1433 སྒྲིག་སྦྱོར་བྱས་ཏེ་མཚན་མོའི་འགྲོ་ལམ་དུ་གསལ་ཆ་སྤྲས།
  • ལེ་ཚན་རྗེས་མ།:ཁམས་དར་ཟམ་ཆེན་གྱི་ཟམ་སྣེ་གཉིས་ལེགས་འགྲུབ་ངང་སྦྲེལ་མཐུད་བྱས།
  • དོ་སྣང་ཆེ་བའི་རྩོམ།