ཕེབས་ཟིན་པའི་དབྱར་དུས།

རྫོགས་ཆེན་ཀུན་བཟང་ཆོས་སྒྲོན། དཀར་མཛེས།        2018-01-22

དེ་རིང་སྟོན་རླུང་ལྡང་བས།

 

ད་གཟོད་དབྱར་དུས་ལ་རྫོགས་ཚིག་བཀོད་ཡོད་པ་ཚོར།

 

དུས་བཞི་ནི་ཅི་འདྲའི་འགྱུར་སླ་ལ།

 

ཅི་འདྲའི་དགོད་བྲོ་བ།

 

ང་རང་གི་དབྱར་དུས་ཀྱི་ལྗོངས་རྒྱུ་རྫོགས་མེད་ལ།

 

ངས་ད་དུང་དབྱར་དུས་ཀྱི་མེ་ཏོག་བཏུས་མེད།

 

ཁྱོད་ཕེབས་པ་བདེན་ན་ངས་ད་ལོ་དབྱར་མ་མཐོང་ཞེས་བརྗོད་ཆོག      

 

ཨ་ལ་ཀུ་རེ་ཡིན།

 

ཁུ་བྱུག་ཐོས་པས་དབྱར་དུས་ཡིན་པ་ཤེས་ཡོད།

 

ཡིན་ནའང་ཁུ་བྱུག་ནམ་ཙམ་ཕྱིར་ཕེབས་སོང་།

 

ཡ་མཚན་པའི་ལོ་ཟླ།

 

འདི་ལོར་ང་ནི་བྲེལ་ཟིང་གིས་མི་ཚེ་ཟད་པས།    

 

དབྱར་གཞུང་དང་མཉམ་དུ་མེ་ཏོག་གི་ཞིང་ཁམས་མ་མཐོང་།

 

ཁུ་བྱུག་དང་མཉམ་དུ་སྦྲང་ཆར་གྱི་རེག་བྱ་མ་མྱོང་།

 


  • ལེ་ཚན་སྔོན་མ།: ལྕི་འཐུ་བུ་མོ།
  • ལེ་ཚན་རྗེས་མ།:ཁྱོད་ཀྱི་བརྩེ་བས་དར་མདོ་ལུང་པ་ཁྲུས་རོགས།