སྲིད་གྲོས་ཉག་རོང་རྫོང་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་འགོ་ཚུགས།

ཡེ་ཤེས་ལྷ་མོ།        2018-01-16

     སྤྱི་ཟླ་དང་པོའི་ཚེས14ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར། སྲིད་གྲོས་ཉག་རོང་རྫོང་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་རྫོང་སྲིད་གཞུང་གི་ཁང་བརྩེགས་དྲུག་པ་འཚོག་འགོ་ཚུགས་པ་རེད།

     གྲོས་ཚོགས་སུ་ཞུགས་དགོས་པའི་ཨུ་ཡོན111ཡིན་ལ་དངོས་སུ་ཞུགས་པའི་འཐུས་མི་83ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད། སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཝུའུ་ཏེང་ཡུས་ཀྱིས་ཚོགས་འདུ་གཙོ་འགན་བཞེས། ཚོགས་འདུའི་ཐོག་རྫོང་སྲིད་གྲོས་ཀྲུའུ་ཞི་ཚེ་དབང་གིས་སྲིད་གྲོས་ཉག་རོང་རྫོང་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀ་སྙན་སེང་ཕུལ། 

     གྲོས་ཚོགས་ཐོག་བསྟན་དོན། རྫོང་སྲིད་གྲོས་ཀྱིས་ཀྲུང་གུང་ཉག་རོང་རྫོང་ཨུའི་ཡང་དག་པའི་འགོ་ཁྲིད་འོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་དང་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་འདུ་ཤེས་གསར་པ། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་ལེན་གཏིང་ཟབ་བཏང་བ་དང་། དམངས་གཙོ་དང་མཐུན་སྒྲིལ་གཙོ་བརྗོད་བྱེད་པར་དམ་འཛིན་བྱས་ནས་ཁུལ་ཨུའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་དམིགས་ཚད་དམ་པོ་འཛིན་བར་དམིགས་པ་དང་། དབུལ་ཐར་འགག་སྒྲོལ་དང་ཡུན་རིང་བདེ་འགོད་ཀྱི་འགག་རྩ་གཉིས་མངོན་གསལ་བྱེད་པ། འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དོན་ཆེན་གསུམ་གཅིག་འགྱུར་གྱི་དམ་འཛིན་བྱེད་པ།  རྨང་གཞིའི་སྒྲིགམཆས་རྗེས་ལུས་དང་དམངས་འཚོའི་ཆུ་ཚད་མི་མཐོ་བ། ཁྲིམས་སྐྱོང་རྨང་གཞི་ཞན་པ། ཤེས་ཡོན་མི་སྣ་ཉུང་པ་བཅས་ཀྱི་ཞན་ཆ་བཞི་ཆད་གསབ་བྱེད་པ། ཡུན་རིང་བདེ་འགོད་ཀྱི་བསམ་པའི་རྨང་གཞི་དང་དངོས་པོའི་རྨང་གཞི། དམངས་འདོད་རྨང་གཞི། ཁྲིམས་སྐྱོང་རྨང་གཞི། རྩ་འཛུགས་རྨང་གཞི་བཅས་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་གཏོང་བ། ནན་ཏན་གྱིས་དབུལ་ཐར་འགག་སྒྲོལ་དང་ཁྲིམས་ལྟར་ཁུལ་སྐྱོང་། ཐོན་ལས་དམངས་ཕྱུག  འགྲིམ་འགྲུལ་སྔོན་སྤེལ། གྲོང་ཡུལ་རིམ་སྤོར། སྐྱེས་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་འཐབ་ཇུས་ཆེན་པོ་དྲུག་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱས་ཏེ་མཛེས་སྡུག་སྐྱེས་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱེད་པའི་སྤྱི་ཡོངས་ཀྱི་ལས་ཀའི་བླང་བྱ་ལྟར་རྫོང་ཡོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་གྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་ནས་ཉག་རོང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ལེགས་སྐྱེས་འབུལ་དགོས། 


  • ལེ་ཚན་སྔོན་མ།:སྡེ་དགེ་རྫོང་བཟའ་བཅའ་སྨན་རྫས་བཟོ་ཚོང་ལྟ་སྐུལ་སྤུས་ཚད་དོ་དམ་ཅུས་ཀྱིས་ལོ་གསར་པའི་འཛད་སྤྱོད་ཉེན་མེད་ཡོང་བར་འགན་སྲུང་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་གསར་འགྱུར་ཕྱོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།