མི་ལུས་རིན་ཆེན་སེམས་ཀྱི་བྲན་དུ་གྱུར།

ལྷ་མོ་མཁའ་འགྲོ དཀར་མཛེས།        2018-01-15

འཇིག་རྟེན། མི་རེའི་གཤིས་ན་འཇིག་རྟེན་རེ། 

ལ་ལའི་འཇིག་རྟེན་ཁེངས་ཡངས་ཆེ་ལ་མཛེས་སྡུག་ལྡན།   

ལ་ལའི་འཇིག་རྟེན་དོག་ཅིང་གཟར་ལ་ཀྱག་ཀྱོག་ཆེ།  

                    

སྤྱི་ཚོགས། མི་རེའི་གཤིས་ན་སྤྱི་ཚོགས་རེ། 

ལ་ལའི་སྤྱི་ཚོགས་ཡིད་དུ་འོང་ལ་མཚར་སྡུག་ལྡན། 

ལ་ལའི་སྤྱི་ཚོགས་རྙོག་འཛིང་ཚ་ལ་གདུག་རྩུབ་ཆེ།  

 

ཁོར་ཡུག མི་རེའི་གཤིས་ན་ཁོར་ཡུག་རེ། 

ལ་ལའི་འཁོར་ཡུག་དྭངས་ཤིང་གཙང་ལ་རང་དབང་ལྡན། 

ལ་ལའི་འཁོར་ཡུག་སྦགས་ཤིང་བཙོག་ལ་མནར་གཅོད་ཚ།    

 

བདེ་སྐྱིད། མི་རེའི་གཤིས་ན་བདེ་སྐྱིད་འདོད། 

ལ་ལའི་བདེ་སྐྱིད་ཆོག་ཏུ་ཤེས་པས་སྤྲོ་བས་འཚོ།

ལ་ལའི་བདེ་སྐྱིད་ཧམ་སེམས་ཆེ་བས་སྡུག་ཅིང་མུག     

       

སེམས་ཁམས། མི་རེའི་རྒྱུད་ལ་སེམས་ཁམས་རེ།

ལ་ལའི་སེམས་ཁམས་ལྷོད་བག་ལྡན་པས་འཛུམ་གྱིས་ཕྱུག  

ལ་ལའི་སེམས་ཁམས་འགྲན་སེམས་ཆེ་བས་འཁོན་འཛིང་མང་། 


  • ལེ་ཚན་སྔོན་མ།:ཤིན་ཏུ་གཉོམ་པའི་སྡུག་བསྔལ།
  • ལེ་ཚན་རྗེས་མ།:འབྲོག་མོའི་ལས་དབང་།