དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་མང་ཚོགས་ལས་ཀ་རྒྱུན་རྣམ་ཅན་དུ་སྤེལ།

སྐལ་ཐུབ་ཀྱིས།        2018-01-15

     ཉེ་ཆར། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་མང་ཚོགས་ལས་ཀའི་ལས་སྒྲུབ་ཚོ་ཆུང་གི་འབྲེལ་ཡོད་མི་སྣ་ཆ་སྒྲིག་ཉེ་འཚོལ་དང་ཀྲི་པུའུ་མཉམ་འཛུགས་མཉམ་སྐྲུན་བྱེད་གནས་དུང་དཀར་ལུང་པའི་ཁུག་རྟ་ལུང་པའི་གྲོང་རྡལ་གྱི་ཡའོ་ཅེན་ཕིང་གྲོང་སྡེ་དང་། ལན་མེན་ཀོན་གྲོང་སྡེ། མ་ལེའུ་ལིན་གྲོང་སྡེ། བླ་མ་རུང་གྲོང་སྡེ་བཅས་སུ་ཕྱིན་ནས་མང་ཚོགས་ལས་ཀ་རྒྱུན་རྣམ་ཅན་དུ་སྤེལ་བ་རེད།

     ལས་སྒྲུབ་ཚོ་ཆུང་གི་མི་སྣས་ཆ་སྒྲིག་རོགས་སྐྱོར་བྱེད་ཡུལ་ཉེ་བ་རྣམས་ཀྱི་ཐོན་སྐྱེད་འཚོ་བ་དང་སྤྱི་ཚོགས་བརྟན་བརླིང་། དབུལ་ཐར་འགག་སྒྲོལ། གཞི་རིམ་ཏང་འཛུགས་སྐྱོང་། ཏང་ཀྲི་པུའུ་ཡི་ནུས་པ་འདོན་སྤེལ་སོགས་ཀྱི་ལས་ཀ་རྒྱུས་ལོན་བྱས་པ་ཆབས་ཅིག་ཉེ་བ་དང་དབུལ་ཕོངས་ཏང་ཡོན་རྣམས་ལ་ལོ་གསར་པའི་འཚམས་སྐྱེས་དངོས་རྫས་བྱིན་པ་རེད། ཆ་སྒྲིག་རོགས་སྐྱོར་བྱེད་ཡུལ་ཉེ་བ་དུད་ཚང300ལ་མར་ནག་འགྱིག་དམ་གང་རེ་དང་། མཉམ་འཛུགས་མཉམ་སྐྲུན་ཀྲི་པུའུ་བཞི་ལ་བྱེད་སྒོ་སྤེལ་སའི་མ་དངུལ་སྒོར8000དང་། དབུལ་ཕོངས་ཏང་ཡོན30ལ་རོགས་སྐྱོར་མ་དངུལ་སྒོར9000བཅས་བྱིན་པ་རེད།

     རང་ཁུལ་གྱིས2012ལོ་ནས་བཟུང་མང་ཚོགས་ལས་ཀ་ཁྱོན་ཡོངས་ལ་སྤེལ་འགོ་བཙུགས་ཏེ་ད་བར་ལོ་བདུན་སོང་ཞིང། ལོ་བདུན་གྱི་རིང་ལ་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་མང་ཚོགས་ལས་ཀ་རྒྱུན་རྣམ་ཅན་དུ་སྤེལ་བའི་ལས་ཀར་དམ་འཛིན་ཧུར་ཐག་བྱས་ཤིང་། ཆ་སྒྲིག་རོགས་སྐྱོར་བྱེད་ཡུལ་ཉེ་བ་རྣམས་དང་འབྲེལ་བ་རྒྱུན་ཆད་མེད་པར་བྱས་ཏེ་ནུས་པ་གང་ཡོད་ཀྱིས་ཉེ་བ་ཚོ་དབུལ་ཐར་འགག་སྒྲོལ་ཡོང་བར་རོགས་དན་བརྒྱབ་ཡོད་ཅིང་། ཏང་ཀྲི་པུའུ་མཉམ་འཛུགས་མཉམ་སྐྲུན་གྱི་ལས་ཀ་དམ་འཛིན་ལྷོད་མེད་བྱས་ཏེ་ཆ་སྒྲིག་ཀྲི་པུའུ་བཞི་ལ་ཁྲིད་སྟོན་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད། ད་ལྟར་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚང་མས་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་མང་ཚོགས་ལས་ཀ་རྒྱུན་རྣམ་ཅན་དུ་སྤེལ་བར་གདེང་འཇོག་གང་ལེགས་བྱས་དང་བྱེད་བཞིན་ཡོད་པ་རེད།། 



  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཧ་ཅང་དབུལ་པོའི་དབུལ་ཐར་འགག་སྒྲོལ་གྱི་སྐུལ་སློང་དང་ལས་ཀ་བཀོད་སྒྲིག་བྱས་པའི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་སྦྲག་སྲིད་གློག་རྡུལ་ཚོང་དོན་གྱིས་འབྱོར་འབྲིང་འཚོ་བ་བསྐྲུན་པར་རོགས་རམ་བྱས།
  • དོ་སྣང་ཆེ་བའི་རྩོམ།