སྐབས་བཅུ་གཉིས་པའི་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་གཞི13དང་གྲོས་འགོ་དང་སྐྱོན་བརྗོད།བསམ་འཆར་བཅས95འབྱོར།

མིག་དམར་དང་ཨོ་རྒྱན་གྱིས་བྲིས།        2018-01-09

    གསར་འགོད་པས་སྐབས་བཅུ་གཉིས་པའི་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་དང་པོའི་ཚེས5ཉིན་གྱི་ཆུ་ཚོད17བར། (དུས་ཚོད་དེ་སྐབས་བཅུ་གཉིས་པའི་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི་གྲོས་གཞི་འདོན་མཚམས་འཇོག་པའི་བར་ཡིན།)སྐབས་བཅུ་གཉིས་པའི་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པར་ཁྱོན་བསྡོམས་དམངས་ཆེན་འཐུས་མི་ཚོགས་པས་བཏོན་པའི་གྲོས་གཞི12དང་། དམངས་ཆེན་འཐུས་མི10ཡན་གྱིས་མིང་ཐོ་ལྷན་བཀོད་བྱས་ནས་བཏོན་པའི་གྲོས་གཞི1ཡོད་པ་རེད།

    ཚོགས་འདུའི་དྲུང་ཡིག་ཁྲུའུ་ཡིས་གྲོས་གཞི་ཚོ་ཆུང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་བཅུ་གཉིས་པའི་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་དང་། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་གཞིའི་སྐོར་གྱི་གཏན་འབེབས།》ལ་གཞིགས་ན། ལག་འབྱོར་བྱུང་བའི་གྲོས་གཞིར་ཞིབ་བཤེར་ནན་ཏན་བྱས་པ་རེད། ཞིབ་བཤེར་བྱེད་དུས་གྲོས་གཞི13ནང་། དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ4དང་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བ3དམངས་འཚོ་ལེགས་གཏོང་དང་འབྲེལ་བ3 སྤྱི་ཚོགས་ཀྱི་བྱ་གཞག་དང་འབྲེལ་བ3 ཁུལ་སྲིད་གཞུང་གི་འགན་དབང་ཁྱབ་ཁོངས་ནང་གཏོགས་པའི་དོན་དག8 རྒྱལ་ཁབ་དང་ཞིང་ཆེན། གོང་རིམ་དང་འབྲེལ་ཡོད་སྡེ་ཁག་གི་འགན་དབང་ཁྱབ་ཁོངས་ནང་གཏོགས་པའི་དོན་དག5བཅས་ཡོད་པ་རེད། ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བརྡས་ཐག་བཅད་པར་བརྒྱུད། གྲོས་གཞི13འདི་གྲོས་འཆར་དང་སྐྱོན་བརྗོད། བསམ་འཆར་དུ་བསྒྱུར་ནས་འབྲེལ་ཡོད་སྡེ་ཁག་ལ་སྤྲད་ནས་སྒྲུབ་གཉེར་བྱ་དགོས་པར་མ་ཟད་གཏན་འབེབས་བྱས་པའི་དུས་ཚོད་ནང་སྤུས་ཚད་མཐོ་བའི་སྒོ་ནས་འཐུས་མི་ཚོགས་པའམ་འཐུས་མིར་ལན་གདབ་དགོས། སྤྱི་ཟླ་དང་པོའི་ཚེས6ཉིན་གྱི་ཆུ་ཚོད14ཡི་བར། སྐབས་བཅུ་གཉིས་པའི་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཕྱོགས་སོ་སོས་བཏོན་པའི་གྲོས་འགོ་དང་སྐྱོན་བརྗོད། བསམ་འཆར་བཅས95འབྱོར་ཡོད། དེའི་ནང་དབུལ་ཐར་འགག་སྒྲོལ་དང་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་ནི་གྲོས་འགོ་དང་སྐྱོན་བརྗོད། བསམ་འཆར་བཅས་ཅུང་གཅིག་བསྡུས་ཡིན་པའི་ལས་ཀའི་ཁྱབ་ཁོངས་རེད། ཚོགས་ཆེན་མཇུག་བསྒྲིལ་རྗེས། ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ལྷན་གྱི་དོན་སྒྲུབ་ལས་ཁུངས་ཀྱིས་གྲོས་འགོ་དང་སྐྱོན་བརྗོད། བསམ་འཆར་བཅས་རིགས་བགོས་ནས་ཁུལ་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱི་རྩ་འཛུགས་ལ་ཞིབ་འཇུག་དང་སྒྲུབ་གཉེར་བྱེད་པར་སྤྲད་རྒྱུ་རེད།།


  • ལེ་ཚན་སྔོན་མ།:མཐུན་རྐྱེན་གང་ལེགས་སྤྱད་དེ་འཕེལ་རྒྱས་གཏོང་ཐབས་འཚོལ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཚན་རྩལ་མི་སྣའི་བྱ་གཞག་གསར་གཏོད་ཀྱི་སྲིད་ཇུས་བཏོན།
  • དོ་སྣང་ཆེ་བའི་རྩོམ།