༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས་བཅོ་བརྒྱད་པ་སྒོར་ཐོན་ཡོད།

        2018-01-02

༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས་བཅོ་བརྒྱད་པ་སྒོར་ཐོན་ཡོད།

༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས་བཅོ་བརྒྱད་པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས་བཅོ་བརྒྱད་པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས་བཅོ་བརྒྱད་པ་སྒོར་ཐོན་ཡོད།

    སྤྱི་ལོ༢༠༡༧ལོའི༼  ཁམས་པའི་འཛུམ་རིས ༽  འདོན་ཐེངས་བཞི་པ (སྤྱིའི་འདོན་ཐེངས་བཅོ་བརྒྱད་པ) ལྷག་བསམ་ཁ་བའི་མེ་ཏོག་གི་འཛུམ་གྱིས་བསུས་ཏེ་རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོ་ཁྱེད་ཅག་གི་སྤྱན་སྔར་དུ་བསྟར་ཐུབ་བྱུང་ཡོད་ལ། འདི་ནི་མཁས་དབང་རབ་བརྟན་དགེ་ལེགས་ཕུན་ཚོགས་མཆོག་གིས་ཁམས་སྡེ་དགེ་ས་ཁུལ་གྱི་དམངས་ཁྲོད་རིག་གནས་འཚོལ་སྡུད་བྱས་པ་ལས་ནང་དོན་སྐོར་ཞིག་ཆེད་བསྒྲིགས་ཀྱི་བརྙན་དེབ་ཅིག་བསྒྲུབས་ཏེ་པར་དུ་བསྐྲུན་པ་དང་། མཁས་དབང་རབ་བརྟན་དགེ་ལེགས་ཕུན་ཚོགས་ལགས་ཉིད་སྤྱི་ལོ༡༩༨༡ལོར་ཁམས་སྡེ་དགེ་རབ་བརྟན་དགོན་གྱི་ཉེ་འགྲམ་དུ་སྐུ་འཁྲུངས། དགུང་ལོ༡༦སྐབས་རབ་བརྟན་དགོན་པའི་ཆོས་སྒོར་ཞུགས། དགུང་ལོ༡༨སྟེང་སྡེ་དགེ་ལྷུན་འགྲུབ་སྟེང་གི་ལྔ་རིག་བཤད་གྲྭ་བཀྲ་ཤིས་རབ་བརྟན་གླིང་དུ་སློབ་གཉེར་ཕེབས། གཞུང་པོད་ཆེན་དྲུག་དང་གྲགས་ཆེན་བཅོ་བརྒྱད་ཀྱིས་གཙོས་མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱོང་པ་དཔྱིས་ཕྱིན་པར་མཛད། རིམ་པར་སྐྱོར་དཔོན་དང་། སློབ་དཔོན་ཆེན་མོའི་འགན་བཞེས་ཏེ་སློབ་ཚོགས་མང་པོ་ལ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་ཀྱི་བཀའ་དྲིན་བསྐྱངས། ༢༠༡༤ལོར་ཤར་ཆེན་ཀླུ་ལྡིང་མཁན་རིན་པོ་ཆེའི་མདུན་ནས་སྡེ་དགེ་དྷརྨ་མདོའི་ལྔ་རིག་བཤད་གྲྭ་ཆེན་མོའི་མཁན་པོའི་མཚན་གནས་བཞེས། ད་ལྟར་སྡེ་དགེ་དྷརྨ་མདོའི་བཤད་གྲྭ་ཆེན་མོ་དེར་མཁན་པོ་མཛད་ནས་མདོ་སྔགས་རིག་གནས་དང་བཅས་པའི་དཔེ་ཁྲིད་གནང་བཞིན་ཡོད། དུས་རྒྱུན་ནང་ཆོས་སྤྱི་དང་། ཁྱད་པར་བོད་ཀྱི་བྱུང་རབས་ལོ་རྒྱུས་ལ་ཉམས་ཞིབ་ཐོག་ད་སང་རྩ་བརླག་ཏུ་འགྲོ་བཞིན་པའི་བོད་ཀྱི་དངོས་བྱུང་དམངས་ཁྲོད་ངག་རྒྱུན་ལོ་རྒྱུས་འདྲ་མིན་དང་། གླུ། བྲོ། མགུར་མོ། གཏམ་དཔེ་སོགས་དཀའ་བ་ཁྱད་དུ་བསད་དེ་ས་ཕྱོགས་སོ་སོར་བསྐྱོད་ནས་བསྡུ་སྒྲིག་གནང་བཞིན་ཡོད་ལ། ད་སྔར་ཁོང་གིས་བླ་མའི་རྣམ་ཐར་གྱི་སྐོར། ཞབས་བརྟན་གསོལ་འདེབས་ཀྱི་སྐོར། རྒྱལ་རབས་ལོ་རྒྱུས་ཀྱི་སྐོར། དགོན་སྡེའི་ལོ་རྒྱུས་ཀྱི་སྐོར། གནས་ཡིག་དང་གནས་བསྟོད་ཀྱི་སྐོར། གསན་ཡིག་བརྗེད་བྱང་གི་སྐོར། དམངས་ཁྲོད་རྩོམ་རིག་གི་སྐོར། གླིང་རྗེ་གེ་སར་གྱི་སྐོར། ལེགས་བཤད་འབེལ་གཏམ་གྱི་སྐོར། གཞུང་འགྲེལ་བསྡུས་དོན་གྱི་སྐོར། སློབ་གསོ་ཟིན་བྲིས་ཀྱི་སྐོར་སོགས་གཙོ་བོར་བྱས་པའི་རྩོམ་སྣ་ཉིས་བརྒྱ་ལྷག་ཅིག་བརྩམས་ཡོད་པར་མ་ཟད། ད་བར་ཁོང་གིས་དགེ་ལེགས་འདོད་འཇོའི་དཔེ་ཚོགས་ཀྱི་མིང་ཐོག་ནས་གསུང་རྩོམ་པོད་ཉི་ཤུ་ལྷག་ཅིག་སྤེལ་ཟིན། རྩོམ་ཡིག་མང་བ་ཞིག་དྲ་བ་དང་དུས་དེབ་གསར་འགྱུར་སོགས་ཀྱི་སྟེང་དུ་བཀོད་པས་རྒྱ་ཆེའི་ཀློག་པ་པོ་རྣམ་པས་བསྔགས་བརྗོད་ཀྱི་མེ་ཏོག་དགུང་ལ་གཏོར་བཞིན་ཡོད་དོ།།

༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས་བཅོ་བརྒྱད་པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས་བཅོ་བརྒྱད་པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས་བཅོ་བརྒྱད་པ་སྒོར་ཐོན་ཡོད།

༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས་བཅོ་བརྒྱད་པ་སྒོར་ཐོན་ཡོད།

    དེས་ན་ངེད་རྩོམ་སྒྲིག་པ་ཡོངས་ཀྱིས་ཁོང་ཉིད་ཀྱིས་དེབ་འདི་བསྒྲིགས་པ་ལ་ཐོག་མཐའ་བར་གསུམ་དུ་ཐུགས་བརྩེ་ཆེན་པོའི་དྲིན་གྱིས་བསྐྱངས་ཤིང་དགའ་མགུ་རངས་གསུམ་གྱིས་གཞོགས་ནས་སྐྱོར་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སླད་མར་ཡང་ལྷག་བསམ་དཀར་པོའི་ཐུགས་བཞེད་ནི་ཉལ་འགྲོའི་རྒྱུན་དང་འགྲོགས་ནས་འདི་ཕྱོགས་སུ་རྒྱབ་སྐྱོར་དང་རོགས་རམ་གནང་རྒྱུའི་རེ་བ་ཡང་ནས་ཡང་དུ་ཞུ་བ་ལགས། རྩོམ་སྒྲིག་གི་ལམ་བུའི་སྟེང་ང་ཚོར་མི་ལག་དང་ཡོན་ཚད། དུས་ཚོད་བཅས་མི་འདང་བའི་དབང་གིས་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་ངེས་པས་བཟོད་གསོལ་ཞུ་རྒྱུ་དང་མཁྱེན་དཔྱོད་ཀྱི་རྩལ་ཡངས་པའི་ཀློག་པ་པོ་རྣམས་ཀྱིས་ཡོ་སྲང་བཟོ་བཅོས་དང་དགོངས་འཆར་ལྷུག་བཀྲོལ་གནང་རྒྱུའི་རེ་བའང་ནན་གྱིས་ཞུ་བ་ལགས། 

                                                 ༼ཁམས་པའི་འཛུམ་རིས༽རྩོམ་སྒྲིག་ཁང་ནས།


  • ལེ་ཚན་སྔོན་མ།:ཁམས་ཆབ་མདོ་ས་ཁུལ་གྱི་དམངས་སྲོལ་རིག་གནས།
  • ལེ་ཚན་རྗེས་མ།:༼ ཁམས་པའི་འཛུམ་རིས ༽ སྤྱིའི་འདོན་ཐེངས་བཅུ་དགུ་པ་སྒོར་ཐོན་ཡོད།
  • དོ་སྣང་ཆེ་བའི་རྩོམ།