སི་ཁྲོན་མེན་ཀྲུའུ་གྲོང་ཁྱེར་གྱི་དགོན་པ་ཞིག་ཏུ་མེ་སྐྱོན་བྱུང་བ།

    མི་དམངས་དྲ་བ།    2017-12-12

སི་ཁྲོན་མེན་ཀྲུའུ་གྲོང་ཁྱེར་གྱི་དགོན་པ་ཞིག་ཏུ་མེ་སྐྱོན་བྱུང་བ།

       ཟླ་12ཚེས་10ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་མེན་ཀྲུའུ་གྲོང་ཁྱེར་ཨུ་ལྷན་གྱི་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་གསལ་དུ། གྲོང་ཁྱེར་དེའི་ཅིའུ་ལུང་གྲོང་རྡལ་གྱི་ཅིའུ་ལུང་དགོན་པར་གློ་བུར་དུ་མེ་སྐྱོན་བྱུང་ཞིང་། ད་ལྟ་མི་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད་པ་རེད།
       ཤེས་རྟོགས་བྱུང་གསལ་དུ། 2017ལོའི་ཟླ་12ཚེས་10ཉིན་གྱི་ཆུ་ཚོད་12དང་སྐར་མ་39ཙམ་ལ། སི་ཁྲོན་ཞིང་ཆེན་མེན་ཀྲུའུ་གྲོང་ཁྱེར་ཅིའུ་ལུང་གྲོང་རྡལ་གྱི་ཅིའུ་ལུང་དགོན་པར་གློ་བུར་དུ་མེ་སྐྱོན་བྱུང་བ་རེད། མེན་ཀྲུའུ་གྲོང་ཁྱེར་རིམ་པའི་འབྲེལ་ཡོད་འགོ་ཁྲིད་དང་། སྤྱི་བདེ། མེ་གསོད་མེ་འགོག  ཐོན་སྐྱེད་བདེ་འཇགས་ལྟ་ཞིབ། སྡོད་ཁང་འཛུགས་སྐྲུན། རིག་གནས་སོགས་ཀྱི་སྡེ་ཁག་དང་ཅིའུ་ལུང་གྲོང་རྡལ་གྱི་མྱུར་སྐྱོབ་རུ་ཁག་ཚང་མ་འཕྲལ་མར་ཡུལ་དངོས་སུ་བསྐྱོད་དེ་མྱུར་སྐྱོབ་བྱས་པ་རེད། ད་ལྟ། མི་ཤི་རྨས་བྱུང་བའི་གནས་ཚུལ་འབྱོར་མེད་པ་རེད། ལས་འཛོལ་འབྱུང་རྐྱེན་སྔར་བཞིན་བརྟག་དཔྱད་བྱེད་བཞིན་ཡོད་ལ། འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།
      ངོ་སྤྲོད་གནང་བ་ལྟར་ན། ལིང་ཀོན་ཐོག་བརྩེགས་ནི་མིང་རྒྱལ་རབས་ཀྱི་རྒྱལ་པོ་ཁྲུང་ཀྲིན་ཁྲི་ལོའི་སྐབས་བཞེངས་པ་ཡིན་ལ། ལོ་ངོ་བརྒྱ་ཕྲག་ལྷག་གི་རིང་དུ། དད་ལྡན་པ་མང་པོ་ཡོད་པ་རེད། "5•12"ཀྱི་ས་ཡོམ་སྐབས། ལིང་ཀོན་ཐོག་བརྩེགས་ལ་ཞིག་སྐྱོན་བྱུང་ཡང་། ས་ཡོམ་གྱི་རྗེས་སུ་རང་སར་བསྐྱར་བཞེངས་བྱས་ཡོད་ལ། འཛུགས་སྐྲུན་རྒྱ་ཁྱོན་ལ་མུའུ་20ལྷག་ཙམ་ཡོད་པ་རེད།
       ཤེས་རྟོགས་བྱུང་གསལ་དུ། དགོན་པ་འདི་ནི་ད་དུང་འཛུགས་སྐྲུན་ལེགས་གྲུབ་བྱུང་མེད་པ་དང་། མེ་སྐྱོན་འབྱུང་ཡུལ་ནི་འདུ་ཁང་དུ་ཡིན་ལ། མེ་སྐྱོན་བྱུང་རྗེས་ཉེ་འགྲམ་གྱི་མཆོད་རྟེན་མཐོན་པོ་དེ་འབར་བ་རེད། མེ་སྐྱོན་བྱུང་བའི་ཤིང་གི་མཆོད་རྟེན་དེ་ནི་ད་ལྟའི་བར་དུ་བསྐྲུན་ནས་ལོ་8ལས་སོང་མེད་ལ། འདི་ནི་རྒྱུ་ཤིང་ལ་སྒྲུབ་པའི་ཀྲུང་གོའི་སྲོལ་རྒྱུན་གྱི་གནའ་བོའི་བཟོ་སྟངས་སྤྱད་ཡོད་པ་དང་། ཁྱོན་བསྡོམས་ཐོག་རིམ་16ཡོད་པས། ཨེ་ཤེ་ཡའི་ཤིང་གི་མཆོད་རྟེན་མཐོ་ཤོས་ཡིན་ཟེར་རོ།

  • ལེ་ཚན་སྔོན་མ།:"ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་སྲིད་ཇུས་ཡར་རྒྱས་སྟོན་གྲངས"སྐབས་གཉིས་པ་ཡོངས་ བསྒྲགས་བྱས་པ།
  • ལེ་ཚན་རྗེས་མ།:ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་སི་ཁྲོན་འཕེལ་རྒྱས་ཀྱི་མདུན་ལྗོངས་གསར་པ་བཏོད
  • དོ་སྣང་ཆེ་བའི་རྩོམ།