ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པས་ལྕགས་ཟམ་དང་སྡེ་དགེ སྡེ་རོང་། ཉག་རོང་བཅས་རྫོང་ཁག་ཏུ་སྒྲོག་འགྲེལ་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2017-12-07

      ལྕགས་ཟམ་རྫོང་།

      ཟླ་བ11པའི་ཚེས20ཉིན། ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པས་ལྕགས་ཟམ་རྫོང་རི་མཇུག་གྲོང་རྡལ་དང་ཞིན་ལུང་གྲོང་རྡལ་དུ་ཕྱིན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་བརྗོད་བྱ་གཙོ་བོ་དང་། ཚོགས་ཆེན་བཅུ་དགུ་པར་ཐོབ་པའི་གྲུབ་འབྲས་གཙོ་བོ། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་མ་ཟིན་འགོད་པའི་བརྒྱུད་རིམ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། འདས་པའི་ལོ་ལྔའི་རིང་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུ་ལྡོག རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་སོགས་ཀྱི་ཐད་ལ་གཏིང་ཟབ་པོའི་ངང་ནས་གསལ་བཤད་དང་ཟུར་ཁྲིད་བྱས་པ་རེད། དབུལ་སྐྱོར་གནད་སྨིན་དང་ཁྲིམས་ལྟར་རྒྱལ་སྐྱོང་། ཏང་ནན་སྐྱོང་། སྐྱེ་ཁམས་དཔལ་ཡོན། རྒྱལ་གཅེས་དང་དྲིན་དྲན་སོགས་ཀྱི་ནང་དོན་ལ་དམིགས་ནས་ཐོན་སྐྱེད་དང་འཚོ་བའི་དངོས་དང་ཟུང་འབྲེལ་བྱས་ཏེ་གནས་ལུགས་བཤད་པ་དང་དཔེ་དྲངས་པ། དོན་དངོས་བསྟན་པ་བཅས་ཀྱི་བྱེད་སྟངས་སྤྱད་ནས་མང་ཚོགས་ལ་གོ་བདེ་ཞིང་དང་ལེན་བྱེད་འདོད་པའི་སྒོ་ནས་སྒྲོག་འགྲེལ་བྱས་པ་རེད།

      སྡེ་དགེ་རྫོང་།

      ཟླ་བ11པའི་ཚེས20ཉིན་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་ཚོ་ཆུང་བཞི་ཁག་བགོས་ནས་སྡེ་དགེ་རྫོང་གི་ཡོ་པ་ཤང་དང་དཔལ་སྤུངས་ཤང་། རྫོང་གསར་དགོན། དཔེ་ཝར་དགོན་དུ་ཕྱིན་ནས་སྒྲོག་འགྲེལ་བྱས་པ་རེད། སྒྲོག་འགྲེལ་ཚོགས་པས་གོ་བདེ་ཤེས་སླའི་ཁ་སྐད་ཡིག་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སྒྲོག་འགྲེལ་བྱས་ཏེ་མང་ཚོགས་ལ་སྙན་སྒྲོན་གྱི་སྙིང་དོན་གོ་བ་ཟབ་མོ་ལེན་རྒྱུའི་དགོས་མཁོ་བསྐངས་ཡོད། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྗོད་བྱ་གཙོ་བོ་དང་གྲུབ་འབྲས་གཙོ་བོ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། འདས་པའི་ལོ་ལྔའི་རིང་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སོགས་གསལ་བཤད་བྱས་པ་རེད།

      སྡེ་རོང་རྫོང་།

      ཟླ་བ11པའི་ཚེས20ཉིན། ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པའི་ཚོ་ཆུང་གཉིས་པའི་ཡན་ལག་རུ་ཁག3བགོས་ནས་སྡེ་རོང་རྫོང་ཀུའུ་སྟེང་དགོན་དང་ བརྒྱ་གནས་དགོན། བཀྲ་ཤིས་བསམ་གཏན་དགོན་དུ་ཕྱིན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། དགོན་སྡེ3གྱི་གྲྭ་བཙུན279དང་དགོན་སྡེའི་སྡེ་ཚན་གྱི་འབྲེལ་གཏུག་འགན་འཁུར་བ། མང་ཚོགས་སོགས་ཀྱིས་སྒྲོག་འགྲེལ་ལ་ཉན་ཡོད་པ་རེད།

      ཉག་རོང་རྫོང་།

      ཟླ་བ11པའི་ཚེས20ཉིན། ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པས་ཉག་རོང་རྫོང་བརྡ་ཀིན་གྲོང་རྡལ་དང་མི་ནུབ་དགོན། ལ་ཁ་དགོན་བཅས་ཀྱི་ས་ཚུགས3ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སྒྲོག་འགྲེལ་བྱས་ཏེ། ས་གནས་དེ་གའི་མང་ཚོགས679ཡིས་སྒྲོག་འགྲེལ་ལ་ཉན་ཡོད་པ་རེད། སྒྲོག་འགྲེལ་གཙོ་ཁྲིད་པས་མི་སེར་ཚོའི་གོ་བ་ལོན་ཐུབ་པའི་ཁ་སྐད་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་ཏེ་མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་སྔར་བས་རྒྱུས་ལོན་བྱེད་དུ་བཅུག་པ་རེད། ཉེ་བའི་ལོ་ཤས་རིང་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་དཔེ་སྟོན་བྱས་ཏེ་མང་ཚོགས་ལ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་འཚོ་བར་བཅངས་པའི་རེ་འདུན་དང་རེ་སྨོན་སྔར་ལས་སྐུལ་སློང་བྱས་པ་རེད།།


  • ལེ་ཚན་སྔོན་མ།:འགག་མདོ་ཚོད་འཛིན་གཏོར་ནས་འགྲིམ་འགྲུལ་སྔོན་སྤེལ་མགྱོགས་སུ་བཏང་།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ལས་སྒྲུབ་ཚོ་ཆུང་གིས་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་།
  • དོ་སྣང་ཆེ་བའི་རྩོམ།