ཁུལ་སྲིད་གཞུང་དང་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུས་ཀྱིས་དངོས་སུ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་བཞག

བདེ་སྐྱིད་ཀྱིས་བསྒྱུར།        2017-12-07

      ཉེ་ཆར། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྒྱ་བོད་སྨན་རྫས་དང་བཟའ་བཅའི་ཐོན་ལས་གླིང་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་མཉམ་ལས་སྒྲོལ་གཞིའི་གྲོས་མཐུན་གན་རྒྱ་མཛད་སྒོ་དེ་ཁྲེང་ཏུའུ་རུ་སྤེལ་བ་རེད། གྲོས་མཐུན་གན་རྒྱ་བཞག་ནས་རང་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་བོད་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བཏང་བ་རེད།

      ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་དང་ཞིང་ཆེན་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཅུས་པོ། ཅུས་ཀྲང་གཞོན་པ་ཀྲང་ཏ་ཀྲུང་གན་རྒྱ་བཞག་པའི་མཛད་སྒོའི་ནང་ཞུགས་པ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་པིའོ་ཡིས་མཛད་སྒོའི་གཙོ་འགན་བཞེས་པ་རེད། ཞིང་ཆེན་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཅན་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེན་ཅིང་གིས་ཕྱོགས་གཉིས་ཀའི་ཚབ་ཞུས་ནས་གྲོས་མཐུན་གན་རྒྱ་བཞག་པ་རེད།

      ཐེངས་འདིའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་བཞག་རྒྱུའི་ནང་རང་ཁུལ་གྱིས་རྒྱ་བོད་སྨན་རྫས་ཐོན་ལས་གླིང་ཁུལ་མྱུར་དུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏང་རྒྱུ་དང་། རང་ཁུལ་གྱི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག རྒྱ་བོད་སྨན་རྫས་འདེབས་འཛུགས་རྟེན་གཞི་ཚད་ལྡན་ཅན་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། བོད་སྨན་སྨན་སྦྱོར་ཆེ་རུ་བཏང་ནས་ལས་དོན་ཚད་ལྡན་རིམ་སྤར་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཟས་རིགས་དང་སྨན་རྫས་ཉེན་མེད་ཡོང་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས་པ་བཅས་ཕྱོགས་ལྔའི་ནང་དོན་གཙོ་བོ་ཡིན་པ་རེད། མཉམ་ལས་བྱས་ཡུན་ནི2021ལོའི་ལོ་མཇུག་བར་དུ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:བརྒྱ་གྱུར་མཛེས་ལྗོངས་ས་ཁུལ་གྱི་འཛུགས་སྐྲུན་སྐུལ་འདེད་གཏོང་བའི་ཆེད་དོན་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་བྱེད་ཐབས་བཞི་བླངས་ནས་ཞིང་སྡེའི་འཐུང་ཆུ་གཙང་མའི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་།
  • དོ་སྣང་ཆེ་བའི་རྩོམ།