བསྟོད་གླུ།

རྒྱལ་སྲས་ཆོས་དགའ།        2017-12-04

མཚར་མཚར་འཛམ་གླིང་འཛིན་མའི་ཤར་ཕྱོགས་སུ། །

མཐོ་མཐོ་ཉི་ཟླའི་དཔལ་ལ་རབ་འགྲན་པའི། །

མང་མང་དུང་ཕྱུར་རྒྱུ་སྐར་ལས་ལྷག་ཅན། །

བཟང་བཟང་རླབས་ཆེན་ཀྲུང་གོ་མཆོག་གྱུར་བསྔགས། །

ཚོགས་ཆེན་བཅུ་དགུ་རྒྱལ་ཁའི་གླུ་སྒྲ་ལྡིར། །

མཁས་མཛངས་ཏང་གི་མཛད་འཕྲིན་པད་ཚལ་བཞད། །

ང་དྲུག་མི་རིགས་རྐང་དྲུག་དགའ་བས་མྱོས། །

བཀྲ་ཤིས་ཉམས་སུ་དགའ་བའི་དུས་རབས་ལ། །

ཤིས་པའི་ཚིག་གིས་ངར་སྐད་ཆེས་ཆེར་སྒྲོག །

བདེ་དགའ་ཀྲུང་གོ་གསར་པའི་ཉི་འོད་འཕྲོས། །

འབངས་མི་སྤྲོ་བས་ཆུ་སྐྱེས་འདབ་ལོ་བཞད། །

དགའ་ཡང་དགའ་ལ་མེས་རྒྱས་དཔལ་ཡོན་རྒྱས། །

མང་ཡང་མང་ངོ་དམངས་ཕན་སྲིད་ཇུས་སོགས། །

ཡར་ནས་ཡར་དུ་འབད་འབུངས་ལྷོད་མེད་དང་། །

ར་ཞིང་རྒྱས་པའི་འཛམ་གླིང་རྒྱན་གྲུབ་ཤོག །

  • ལེ་ཚན་སྔོན་མ།:རྨི་ལམ་ནང་གི་གཅེས་ཕྲུག
  • ལེ་ཚན་རྗེས་མ།:སྨན་ལྗོངས་བསིལ་མོའི་དགེ་མཚན།