འདས་པའི་ཟླ་བ10ནང་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞི་ཐད་མ་དངུལ་འཇོག་རྒྱུ་སྒོར་དུང་ཕྱུར262.67གྲུབ་པ།

ལྷ་འཛོམས་ཀྱིས་བསྒྱུར།        2017-11-23

     2017ལོར་རང་ཁུལ་གྱི་གཙོ་གནད་ལས་གཞི170ཡོད་པ་དང་ལོ་འཁོར་གྱི་མ་དངུལ་འཇོག་རྒྱུ་འཆར་གཞི་སྒོར་དུང་ཕྱུར286.15ཡིན་པ་རེད། ཟླ་བ་དང་པོ་ནས10པའི་བར་རིམ་རྩིས་བྱས་ན་མ་དངུལ་འཇོག་རྒྱུ་སྒོར་དུང་ཕྱུར262.67གྲུབ་པ་དང་ལོ་འཁོར་འཆར་གཞིའི་བརྒྱ་ཆ91.79་ལ་ཟིན་པ། སྔོན་མཐུད་འཛུགས་སྐྲུན་ལས་གཞི་ཐད་མ་དངུལ་འཇོག་རྒྱུ་དུང་ཕྱུར162.57གྲུབ་པ་དང་ལོ་འཁོར་འཆར་གཞིའི་བརྒྱ་ཆ87.46ལ་ཟིན་པ། གསར་དུ་གཉེར་པའི་ལས་གཞིའི་ཐད་མ་དངུལ་འཇོག་རྒྱུ་སྒོར་དུང་ཕྱུར100.1གྲུབ་པ་དང་ལོ་འཁོར་འཆར་གཞིའི་བརྒྱ་ཆ་99.84ལ་ཟིན་པ། གལ་ཆེའི་རྨང་གཞིའི་སྒྲིག་བཀོད་ལས་གཞིའི་ཐད་རིམ་རྩིས་བྱས་ན་མ་དངུལ་འཇོག་རྒྱུ་སྒོར་དུང་ཕྱུར122.55གྲུབ་པ་དང་ལོ་འཁོར་འཆར་གཞིའི་བརྒྱ་ཆ111.75ལ་ཟིན་པ། གལ་ཆེའི་ཐོན་ལས་ལས་གཞི་ཐད་མ་དངུལ་འཇོག་རྒྱུ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར125.31གྲུབ་པ་དང་ལོ་འཁོར་འཆར་གཞིའི་བརྒྱ་ཆ81.08ལ་ཟིན་པ་རེད།། 

  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་གྲོང་ཡུལ་རིམ་སྤོར་འཐབ་ཇུས་སྐུལ་འདེད་གཏོང་བའི་ལས་ཡུལ་དངོས་ཀྱི་ཚོགས་འདུ་ལྕགས་ཟམ་རྫོང་དུ་འཚོགས་པ།
  • ལེ་ཚན་རྗེས་མ།:ཁུལ་སྲིད་གྲོས་ཀྱི་ལས་ཁུངས་དང་ཁུལ་ཐད་གཏོགས་ལས་སྒྲུབ་ཨུ་ལྷན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས།
  • དོ་སྣང་ཆེ་བའི་རྩོམ།