དུས་རབས་གསར་པར་བསུ་མ་དང་རྣམ་པ་གསར་པ་མངོན་འགྱུར་བྱུང་།

པད་མ་ཆོས་མཚོས་བསྒྱུར།        2017-11-21

     ཉིན་འདི་ཁ་ཤས་རིང་། རང་ཁུལ་གྱི་སྒྲིག་ཁྲིམས་ཞིབ་བཤེར་མ་ལག་དང་བསམ་བློ་རིག་གནས་མ་ལག་གཉིས་ཀྱིས་ཁག་བགོས་ནས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ནན་ཏན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བྱས་པ་རེད།

     སློབ་སྦྱོང་བྱེད་སྐབས་ལས་བྱེད་པ་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དེང་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་སྙིང་དོན་དང་ནང་དོན་ཕུན་སུམ་ཚོགས་པ་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བྱ་རྒྱུ་དེ་མིག་སྔའི་ལས་དོན་སྒྲུབ་པའི་སྒུལ་ཤུགས་སུ་བསྒྱུར་ནས་དུས་རབས་གསར་པར་བསུ་མ་ཞུས་ཏེ་བྱས་རྗེས་གསར་པ་མངོན་པ་བྱས་པར་བརྟེན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་དང་བཀོད་སྒྲིག་བླང་བྱ་སོ་སོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱེད་པར་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད།

    ཁུལ་སྒྲིག་ཁྲིམས་ཞིབ་བཤེར་མ་ལག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་ཆེད་དོན་སློབ་སྦྱོང་གི་བརྙན་འཕྲིན་ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན། ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན།)བཅས་ཀྱི་ནང་དུ་མཚོན་པ་རེད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་དཔྱད་ལས་ཁུངས་ཀྱིསདམིགས་འཛིན་ལྔའི་བླང་བྱ་ལྟར་ནན་ཏན་གྱིས་སློབ་སྦྱོང་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་ལ་གོ་བ་གཏིང་ཟབ་ལེན་དགོས།

     ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་ཐོག་གནང་བའི་ལས་དོན་སྐོར་གྱི་སྙན་སྒྲོན་ལ་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་བསྟན་དོན། ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡིས་ངེས་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་ལ་སློབ་སྦྱོང་ནན་ཏན་དང་ལག་ལེན་དོན་འཁྱོལ།དྲིལ་བསྒྲགས་བཅས་ཡག་པོ་བྱ་རྒྱུ་ནི་མིག་སྔ་དང་ཕྱིན་ཆད་ཀྱི་དུས་རིན་ཞིག་གི་ནང་ཆེས་གལ་འགངས་ཆེ་ལ་ཆེས་ཨང་དང་པོའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པ་རེད། ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་ཆེད་དོན་སློབ་སྦྱོང་ཚོ་ཆུང་བཙུགས་ནས་ལས་ཀ་དོན་འཁྱོལ་བྱས་ཏེ་སློབ་སྦྱོང་གི་བརྗོད་དོན་གཙོ་བོ་དང་ལས་འགན་སྒྲུབ་ཚད་གཏན་འཁེལ་དང་དུས་ཚོད་བཀོད་སྒྲིག་ཡག་པོ་བྱས་ནས་ལས་ཁུངས་ཀྱི་སློབ་སྦྱོང་ལས་དོན་ལ་དམ་འཛིན་ཏན་ཏིག་བྱ་དགོས།།


  • ལེ་ཚན་སྔོན་མ།:ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་ཁྲིད་སྟོན་བྱས་ཏེ་སྔར་ལྷག་གིས་ཚོད་ལྟའི་ལས་དོན་ལ་རྣམ་པ་གསར་པ་བསྐྲུན།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་གྲོང་ཡུལ་རིམ་སྤོར་འཐབ་ཇུས་སྐུལ་འདེད་གཏོང་བའི་ལས་ཡུལ་དངོས་ཀྱི་ཚོགས་འདུ་ལྕགས་ཟམ་རྫོང་དུ་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།