ཁུལ་ཨུའི་ལྟེ་བའི་སློབ་སྦྱོང་ཚོ་ཆུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་ཆེད་དོན་གྲོས་བསྡུར་ཚོགས་འདུ་འཚོགས་པ།

ལྷ་འཛོམས་ཀྱིས་བསྒྱུར།        2017-11-20

ཁུལ་ཨུའི་ལྟེ་བའི་སློབ་སྦྱོང་ཚོ་ཆུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་ཆེད་དོན་གྲོས་བསྡུར་ཚོགས་འདུ་འཚོགས་པ།

     ཟླ་བ11པའི་ཚེས15ཉིན། ཁུལ་ཨུའི་ལྟེ་བའི་སློབ་སྦྱོང་ཚོ་ཆུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བྱེད་པའི་ཆེད་དོན་གྲོས་བསྡུར་གྱི་ཚོགས་འདུ་འཚོགས་པར་མ་ཟད། ཁུལ་ཡོངས་ཀྱི་རྫོང་དང་ཁྲུའུ་རིམ་པའི་ཏང་སྲིད་ཀྱི་འགོ་ཁྲིད་ལས་བྱེད་པའི་སློབ་སྦྱོང་འཛིན་གྲྭ་གཉེར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གྲོས་བསྡུར་ཚོགས་འདུ་གཙོ་འགན་བཞེས་ཤིང་ཕྱོགས་བསྡོམས་གསུང་བཤད་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་སློབ་སྦྱོང་བྱེད་སའི་ནང་ཞུགས་ཡོད་པ་རེད།

     གྲོས་བསྡུར་ཚོགས་འདུའི་ནང་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་ཞིབ་འཇུག་ཁང་དང་པོའི་སྔོན་གྱི་ཀྲུའུ་རེན་གཞོན་པ། ཞིབ་འཇུག་པ་ལི་རུང་གིས་གདན་ཞུ་ལྟར་ཆེད་དོན་འཆད་ཁྲིད་གནང་བ་རེད།

ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ། ལི་ཁང་། བྱང་ཆུབ་བཅས་རྣམ་པས་གྲོས་བསྡུར་ཚོགས་འདུའི་ཐོག་གསུང་བཤད་གནང་བ་རེད། ཚང་མས་ཏང་གིས་ཚོགས་ཆེན་བཅུ་དགུ་པ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་རིམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་འཇུག་པའི་འགན་རྩའི་དུས་སུ་འཚོགས་པའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་ཆེན་ཞིག་ཡིན་པས་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་ཆེན་ཞིག་ཡིན་ཞིང་། དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་མདུན་སྐྱོད་བྱེད་ཕྱོགས་གསལ་པོ་སྟོན་པ་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འགོ་བརྩམས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་འཐབ་ཇུས་གསར་པའི་ཁྲིད་སྟོན་འདོན་སྤྲོད་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་མངོན་འགྱུར་བྱུང་བར་སྒུལ་ཤུགས་གསར་ཞིང་སྟོབས་ཆེན་བསྣན་ཡོད་པ་རེད།

     ལིའུ་ཁྲེང་མིང་གིས་ཕྱོགས་བསྡོམས་གྲོས་བསྡུར་ནང་ནན་གསུང་གནང་དོན། ཕུགས་རྩ་འདེད་པ་དང་ཡོང་ཁུངས་རྩད་གཅོད་བྱས་ནས་བསམ་བློ་གསར་པ་ཡག་པོ་སྤྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྲ་བརྟན་འགྱུར་མེད་ཀྱིས་རིགས་གཞུང་གསར་པ་ལག་བསྟར་བྱེད་པ་དང་ལག་ལེན་གསར་པར་སྐུལ་འདེད་གཏང་དགོས། སྔ་དེང་བསྡུར་ནས་རིགས་གཞུང་གི་ཆོད་གཏམ་གསར་པ་ཟབ་སྦྱོང་ལེགས་སྤྱོད་བྱས་ནས་སྲ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་པར་སྐྱོད་པ་དང་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་དགོས། གནས་ཚུལ་དངོས་ལ་གནས་ཏེ་ཁྱད་ཆོས་གསར་པ་ཟབ་སྦྱོང་ལེགས་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྲ་བརྟན་འགྱུར་མེད་ཀྱིས་དགོས་མཁོ་ཉོན་པ་དང་རེ་སྐུག་གསར་པ་བསྐོང་དགོས། འཕེལ་རྒྱས་ཀྱི་མིག་རྒྱང་རྒྱུན་འཁྱོངས་བྱས་ནས་དམིགས་འབེན་གསར་པ་ཟབ་སྦྱོང་ལེགས་སྤྱོད་བྱེད་པ་དང་སྲ་བརྟན་འགྱུར་མེད་ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་གསར་པ་བློར་བརྟན་པོ་ངེས་པ་བྱས་ནས་ལྗིད་པའི་ལས་འགན་གསར་པ་འཁུར་དགོས། ལས་ཀ་ངོ་མའི་ནང་ཞུགས་ནས་བླང་བྱ་གསར་པ་ཟབ་སྦྱོང་ལེགས་སྤྱོད་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་འཇོན་ཐང་གསར་པ་ཇེ་དྲག་ཏུ་གཏོང་ཞིང་།མིག་དཔེ་གསར་པ་ཡག་མོ་བྱ་དགོས།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས།
  • ལེ་ཚན་རྗེས་མ།:ཁུལ་སྲིད་གྲོས་ཀྱིས་ཀྲུའུ་ཞི་རྒྱས་འཛོམས་གྲོས་ཚོགས་འཚོགས་ཏེ་ཆེད་དོན་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ སྙིང་དོན་སློབ་སྦྱོང་སྒྲོག་འགྲེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།