རང་ཁུལ་གྱི་གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས།

སྐལ་བཟང་སྒྲོལ་མས་བསྒྱུར།        2017-11-20

     ཉེ་ཆར། སྨྱུག་འཛིན་པས་ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་དོན། དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་ན་ལོའི་དུས་མཉམ་ལས་བརྒྱ་ཆ24.4འཕར་བ།འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན་པ་དང་། ཞིང་ཆེན་ཡོངས་ལས་བརྒྱ་ཆ16.1མཐོ་བ་དང་རྒྱལ་ཡོངས་ལས་བརྒྱ་ཆ17.7མཐོ་བ།བསྟུད་མར་ཟླ་བ9རིང་ལ་གྲངས་གནས་གཉིས་འཕར་བར་སྲུང་འཛིན་བྱེད་བཞིན་པ་དང་བསྟུད་མར་ཟླ་བ5རིང་འཕར་ཚད་བརྒྱ་ཆ20ཡན་ཆད་སྲུང་འཛིན་བྱེད་ཐུབ་པ་རེད།

ད་ལོ་ནས་བཟུང་།རང་ཁུལ་གྱི་བཟོ་ལས་དཔལ་འབྱོར་ནི་བསགས་འབོར་སྟོབས་ཆེར་འགྲོ་བ་དང་།འཕར་ཚད་སྐྱེད་སྲིང་བྱེད་པ། སྤུས་ཀ་ཇེ་དྲག་གཏང་རྒྱུ་བཅས་ཀྱིས་དམིགས་ཡུལ་བྱས་ཏེ་གནད་ཆེན་གཙོར་བཟུང་དང་། ཚན་རིག་དང་མཐུན་པའི་འཆར་འགོད། མ་སྐུལ་དང་བླངས་ཀྱིས་བསྒྲུབས་ནས་ཁེ་ལས་ཀྱི་ཐོན་སྐྱེད་དམ་འཛིན་ཡག་པོ་བྱས་པ་དང་། རོགས་སྐྱོར་དང་སྲིད་ཇུས་དོན་འཁྱོལ་བྱས་ནས་ཐོན་ལས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་ཁུལ་སྟོབས་ལྡན་ཡོང་བའི་ཐབས་ཇུས་བཏོན་ནས། ཟླ་བ་དང་པོ་ནས9པའི་བར་ཁུལ་ཡོངས་ཀྱི་བཟོ་ལས་ཡོངས་རྫོགས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར46.78མངོན་འགྱུར་བྱུང་ནས་ན་ལོའི་དུས་མཉམ་ལས་བརྒྱ་ཆ་21.3འཕར་བ།ཁུལ་ཡོངས་ཀྱི་དཔལ་འབྱོར་འཕར་ཚད་ལ་བྱས་རྗེས་འཇོག་ཚད་བརྒྱ་ཆ53.7ཡིན། རྒྱལ་དམངས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྐུལ་ཁྲིད་བྱས་ཏེ་བརྒྱ་ཆ5.4འཕར་ནས་ལོ་འཁོར་གྱི་དམིགས་ཡུལ་གྱི་ལས་འགན་བརྒྱ་ཆ89.9ལེགས་འགྲུབ་བྱུང་ཡོད་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་ཁུལ་གྱི་གློག་ཤུགས་ལས་རིགས་ཀྱི་འདེགས་སྐྱོར་ནུས་པ་འབུར་ཐོན་བྱུང་བ། དེའི་ནང་རྒྱལ་ཁབ་ཆུ་གློག་གི་སྤྲེལ་གནས་བྲག་རིའི་ཆུ་གློག་ས་ཚུགས་དང་། ཞི་ཀིའུ་ཆུ་གློག དངུལ་མཚོ་གཏེར་ཁ། དཀར་མཛེས་ཏ་ཐང་རྒྱལ་སྤྱིའི་ནུས་ཁུངས་གསར་པའི་སྤྱི་གཉེར་ཁང་། དར་མདོ་ནན་དབྱི་བཟའ་བཅའ་སྤྱི་གཉེར་ཁང་སོགས་གཞི་ཁྱོན་ལྡན་པ་ཡན་ལ་འཕར་བའི་ཁེ་ལས5གསར་དུ་སྣོན། ཐོན་རྫས་རིན་ཐང་གི་བྱས་རྗེས་སྒོར་དུང་ཕྱུར10ལ་ཉེ་བ་རེད། ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་བའི་རིན་ཐང་འཕར་ཚད་ཀྱི་བྱས་རྗེས་ནི་བརྒྱ་ཆ93.75ཡིན། གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས་འཕར་བའི་རིན་ཐང་བརྒྱ་ཆ 22.8འཕར་བར་སྐུལ་ཁྲིད་བྱས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་ཨུའི་ལྟེ་བའི་སློབ་སྦྱོང་ཚོ་ཆུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་ཆེད་དོན་གྲོས་བསྡུར་ཚོགས་འདུ་འཚོགས་པ།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་ལྟེ་བའི་སློབ་སྦྱོང་ཚོ་ཆུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་ཆེད་དོན་གྲོས་བསྡུར་ཚོགས་འདུ་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།