བོད་ལྗོངས་ཀྱིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར 192.67བཏང་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད།

བསོད་ནམས་སྟོབས་རྒྱལ་གྱིས་བསྒྱུར།        2017-11-20

     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ལྗོངས་ཀྱིས་སྐྱེ་ཁམས་ཐད་ཀྱི་ཁ་གསབ་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར192.67སྤྲད་ནས་སྐྱེ་ཁམས་ལས་གནས་ཁྲི62ཀྱི་ཐོག་ལས་ཀ་བྱེད་མཁན་གྱི་ཞིང་འབྲོག་མི་དམངས་ལ་ཕན་པ་ཐོབ་པ་དེ་གཙོ་བོ་ཁ་གསབ་མ་དངུལ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་བྱ་དགའ་དང་། ནགས་ཚལ་གྱི་སྐྱེ་ཁམས་ཕན་ནུས་སྲུང་སྐྱོང་བྱེད་པའི་ཁ་གསབ་མ་དངུལ་སྟེར་བར་མཚོན་ཞིང་། གཙོ་གནད་དུ་སྐྱེ་ཁམས་ཕན་ནུས་ས་ཁུལ་དུ་བསྒྱུར་སྤྲོད་བྱེད་པ་སོགས་ཀྱི་ཐད་སྤྲད་ཡོད་པ་རེད།

     ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ནི་རང་རྒྱལ་གྱི་གལ་ཆེ་བའི་སྐྱེ་ཁམས་ཉེན་མེད་ཀྱི་སྲུང་ཡོལ་ཡིན་ཞིང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་རང་རྒྱལ་གྱི་ཨང་དང་པོ་ཡིན་པ་དང་གསར་སྦོལ་བྱེད་མི་ཆོག་པའི་གཞི་ཁྱོན་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་གནས་ཡོད་པ་རེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་བྱ་ཆེད་བོད་ལྗོངས་ཀྱིས་ཤུགས་ཆེན་པོས་ཤིང་འཛུགས་ནགས་བཟོ་བྱས་ཏེ་སྟོབས་ཤུགས་ཡོད་དགུས་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་མ་དངུལ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་སྟབས། སྤྱི་ཁོག་གི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར17.3བཀོད་སྒྲིག་བྱས་ཏེ་ལྗོངས་ཡོངས་ཀྱི་ནགས་ཚལ་སྐྱེ་ཁམས་ཀྱི་ཕན་ནུས་ལ་ཁ་གསབ་བྱ་རྒྱུའི་ནང་རྐྱེན་ལག་ལེན་བསྟར་བ་དང་སྐྱེ་ཁམས་དབུལ་སྐྱོར་གྱི་ལས་རྐང་ལ་ཁ་གསབ་རོགས་དངུལ་སྤྲད་ཡོད་པ་རེད། མ་དངུལ་སྒོར་དུང་ཕྱུར4.3བཀོད་སྒྲིག་བྱས་ཏེ་ལྗོངས་ཡོངས་ཀྱིས་ཕྱོགས་ཡོངས་ནས་རང་བྱུང་ནགས་ཚལ་ཚོང་ལས་རང་བཞིན་གྱི་ཤིང་གཅོད་མཚམས་བཞག་པར་རྒྱབ་སྐྱོར་བྱས་ཡོད། མིག་སྔར་བར་སྲིད་ཇུས་དེ་བོད་ལྗོངས་ཀྱི་རྫོང་དང་ས་གནས65ལ་ཁྱབ་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ད་ལོ་ནས་བཟུང་ནང་སོག་གིས་ངལ་རྩོལ་པར་གླ་ཕོགས་ཐོབ་ཐང་སྒོར་དུང་ཕྱུར4.28རྗེས་སྙེགས་བྱས་ནས་སྤྲད་ཡོད།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་དུས་རབས་གསར་པར་སླེབས།
  • དོ་སྣང་ཆེ་བའི་རྩོམ།