རང་རྒྱལ་གྱིས་ཞིང་ཆེན་བཞིའི་བོད་ཁུལ་དུ་མི་ཁྲི270ལྷག་ལ་ཐུམ་འབུའི་ནད་འགོས་ཡོད་མེད་ཀྱི་ནད་བརྟག་བྱས་ཡོད།

ཡེ་ཤེས་ཀྱིས་བསྒྱུར།        2017-11-17

      ཞིན་ཧྭ་གསར་འགྱུར་ཁང་ལན་གྲུ་ནས་འབྱོར་བའི་གཏམ་གསར། ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་མ་ལག་གིས་ཀན་སུའུ་དང་མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་བཞིའི་བོད་ཁུལ་གྱི་འཕྲོན་བསྟོན་དང་འཆར་ལྡན་བུ་བཙའི་བྱ་གཞག་འཕེལ་རྒྱས་གཏོང་བར་རོགས་སྐྱོར་ཧུར་ཐག་བྱས་ནས་ལུས་ཁམས་བདེ་ཐང་དབུལ་སྐྱོར་གྱི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་བ་རེད།

      ཞིང་ཆེན་བཞིའི་བོད་ཁུལ་གྱི་སྨན་བཅོས་འཕྲོད་བསྟོན་གྱི་ཐོན་ཁུངས་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་པ་དང་། ཞབས་ཕྱི་སྒྲུབ་ནུས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་ཕྱིན་པར་བརྟེན། མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་གི་དམིགས་ཚད་སོ་སོ་བརྟན་པོའི་ངང་ཇེ་ཡག་ཕྱིན་ནས་བདེ་ཐང་གིས་དབུལ་སྐྱོར་བྱེད་པ་དང་འཕྲོད་བསྟོན་འཆར་ལྡན་བུ་བཙའི་བྱ་གཞག་ལ་སྔོན་མེད་ཀྱི་འཕེལ་རྒྱས་བྱུང་བ་རེད།

      རྒྱལ་ཁབ་ཀྱིས་ཀྲུང་དབྱང་གིས་སྤོ་སྒྱུར་གཏོང་སྤྲོད་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཞིང་ཆེན་བཞིའི་བོད་ཁུལ་གྱིས་ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་ནད་སོགས་གཙོ་གནད་ཀྱི་ཡུལ་ནད་དང་རིམས་ནད་སྔོན་འགོག་བྱེད་ནུས་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། ཐུམ་འབུའི་ནད་ཕྱོགས་བསྡུས་སྔོན་འགོག་བྱ་རྒྱུའི་ཚོད་ལྟ་ལས་ཀ་ཧུར་ཐག་སྤེལ་ནས་མི་ཁྲི270ལྷག་ལ་ཐུམ་འབུའི་ནད་འགོས་ཡོད་མེད་ཀྱི་ནད་བརྟག་བྱས་ཏེ་ཞིང་འབྲོག་ས་ཁུལ་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་གི་ཆུ་ཚད་མཐོ་རུ་ཕྱིན་པ་རེད། མིག་སྔར་སི་ཁྲོན་དང་ཀན་སུའུ་། མཚོ་སྔོན་བཅས་ས་ཁུལ་གྱི་གྲུམ་བུ་ཚིགས་ཆེན་ནད་ཚོད་འཛིན་ནུས་ལྡན་བྱས་ཐུབ་ཡོད་པ་རེད། སི་ཁྲོན་དང་ཀན་སུའུ་ཡིས་བོད་ཁུལ་གྱི་གྲུམ་བུ་ཚིགས་ཆེན་ནད་མེད་པ་བཟོས་པའི་གྲོང་སྡེ་ཁག་བགོས་ནས་བརྒྱ་ཆ100དང་བརྒྱ་ཆ98.6ལ་ཟིན་པ་རེད།

     རྒྱལ་ཁབ་འཕྲོད་བསྟོན་དང་འཆར་ལྡན་བུ་བཙའི་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་འབྲེལ་ཡོད་ཞིང་ཆེན་གྱིས་མི་འབོར་དབུལ་པོའི་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་མཐོ་རུ་གཏོང་བ་དང་། མི་འབོར་དབུལ་པོ་དེ་ནད་གཞི་ཆེན་པོ་དང་ཚབས་ཆེན་ན་བར་སྨན་བཅོས་རོགས་སྐྱོབ་བྱེད་པའི་ཁོངས་སུ་འཇུག་བཅུག་པ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་ཞིང་ཆེན་བཞིའི་བོད་ཁུལ་གྱི་ཞིང་སྡེའི་མི་འབོར་དབུལ་པོའི་སྨན་བཅོས་འགན་སྲུང་གི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་བཏང་ཡོད། པེ་ཅིན་དང་ཐེན་ཅིན། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་། ཀོང་ཏུང་། ཧྲེན་ཀྲེན་བཅས་ཞིང་ཆེན་དང་གྲོང་ཁྱེར8ཀྱིས་ཞིང་ཆེན་བཞིའི་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང། སྨན་བཅོས་འཕྲོད་བསྟོན་གྱི་ལས་གཞི་ཤུགས་ཆེན་པོ་སྤེལ་བ་དང་བློ་གྲོས་ཐོག་བོད་སྐྱོར་བྱས་ཡོད། 2016ལོ་ཁོ་ནར་ཞིང་ཆེན་དང་གྲོང་ཁྱེར8ཀྱིས་ཞིང་ཆེན་བཞིའི་བོད་ཁུལ་ལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར6.9བཏང་ཡོད། ཞིང་ཆེན་བཞིའི་བོད་ཁུལ་དུ་ལུས་ཁམས་བདེ་ཐང་དབུལ་སྐྱོར་བྱ་རྒྱུའི་ལས་ཀ་དེ་ད་དུང་གཙོ་གནད་དུ་མ་མཐའི་སྨན་བཅོས་འགན་སྲུང་བྱ་རྒྱུའི་ནང་རྐྱེན་བཙུགས་ཏེ་ནད་ལྕི་པོ་དང་གཅོང་ནད་ནད་པར་རིགས་བགོས་ནས་སྐྱོབ་བཅོས་བྱ་རྒྱུ་དང་། མང་ཚོགས་ལ་ནད་བཅོས་ཐུབ་པ་དང་ནད་སྟབས་བདེ་མོར་བསྟེན་ཐུབ་པར་ཞབས་འདེགས་ཞུ་གང་ཐུབ་བྱ་རྒྱུ་རེད།། 


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱིས་བསྐྱར་དུ་ཆེས་དཀའ་ངལ་ཡོད་པའི་མི་སྣ་ཁྲི50ལྷག་གི་བསྙེན་བཀུར་ཚད་གཞི་མཐོ་རུ་བཏང་།
  • ལེ་ཚན་རྗེས་མ།:ད་ལོ་ནས་བཟུང་ནང་སོག་གིས་ངལ་རྩོལ་པར་གླ་ཕོགས་ཐོབ་ཐང་སྒོར་དུང་ཕྱུར4.28རྗེས་སྙེགས་བྱས་ནས་སྤྲད་ཡོད།
  • དོ་སྣང་ཆེ་བའི་རྩོམ།