སི་ཁྲོན་ཞིང་ཆེན་གྱིས་བསྐྱར་དུ་ཆེས་དཀའ་ངལ་ཡོད་པའི་མི་སྣ་ཁྲི50ལྷག་གི་བསྙེན་བཀུར་ཚད་གཞི་མཐོ་རུ་བཏང་།

ཁ་ཕྱོགས་མཐའ་ཡས་དང་དར་ལེགས་གཉིས་ཀྱིས་བསྒྱུར།        2017-11-17

     ཞིན་ཧྭ་གསར་འགྱུར་ཁང་ཁྲེན་ཏུའུ་ནས་ཟླ་བ11པའི་ཚེས7ཉིན་འབྱོར་བའི་གཏམ་གསར། སི་ཁྲོན་ཞིང་ཆེན་གྱིས་བསྐྱར་དུ་ཆེས་དཀར་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ཚད་གཞི་མཐོ་རུ་བཏང་ནས 2017ལོའི་ཟླ་བ7པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

     ཤེས་རྟོགས་བྱུང་བ་ལྟར་ན། ཞིང་སྡེའི་ཆེས་དཀའ་ངལ་ཡོད་པའི་མི་སྣ་ཐར་ཐོར་དུ་བསྙེན་བཀུར་བྱེད་པའི་ཚད་གཞི་མི་རེར་ཟླ་རེར་སྒོར400ལས་མི་དམའ་བ་དང་། གཅིག་བསྡུས་ཀྱིས་བསྙེན་བཀུར་བྱེད་པའི་ཚད་གཞི་མི་རེར་ཟླ་རེར་སྒོར500ལས་མི་དམའ་བ་རེད། གྲོང་ཁྱེར་གྱི་ཆེས་དཀར་ངལ་ཡོད་་པའི་མི་སྣ་ཐར་ཐོར་དུ་བསྙེན་བཀུར་བྱེད་པའི་ཚད་གཞི་མི་རེར་ཟླ་རེར་སྒོར500ལས་མི་དམའ་བ་དང་། གཅིག་བསྡུས་ཀྱིས་བསྙེན་བཀུར་བྱེད་པའི་ཚད་གཞི་མི་རེར་ཟླ་རེར་སྒོར600ལས་མི་དམའ་བ་རེད། ཚད་གཞི་གསར་པ་འདི་ལག་ལེན་བྱས་རྗེས་ཞིང་ཆེན་ཡོངས་ཀྱི་ཆེས་དཀའ་ངལ་ཡོད་པའི་མི་སྣ་ཁྲི50ལ་ཕན་པ་ཐོབ་པ།

     སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་དོན། ཆེས་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་མ་དངུལ་ནི་གྲོང་ཁྱེར་དང(རང་སྐྱོང་ཁུལ)རྫོང(གྲོང་ཁྱེར།ཆུས)སོ་སོའི་ནོར་སྲིད་ཀྱིས་སྔོན་རྩིས་ནང་བཀོད་སྒྲིག་བྱེད་པར་འགན་སྲུང་བྱ་རྒྱུ་རེད།། 


  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་གཞུང་ལམ་གྱི་ཟམ་པའི་བསྡོམས་འབོར་ཁྲི80ལས་བརྒལ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་ཞིང་ཆེན་བཞིའི་བོད་ཁུལ་དུ་མི་ཁྲི270ལྷག་ལ་ཐུམ་འབུའི་ནད་འགོས་ཡོད་མེད་ཀྱི་ནད་བརྟག་བྱས་ཡོད།
  • དོ་སྣང་ཆེ་བའི་རྩོམ།