རང་རྒྱལ་གྱི་གཞུང་ལམ་གྱི་ཟམ་པའི་བསྡོམས་འབོར་ཁྲི80ལས་བརྒལ།

བསོད་ནམས་སྟོབས་རྒྱལ་དང་རབ་ཁོ་གཉིས་ཀྱིས་བསྒྱུར།        2017-11-17

     ཞིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་བ11པའི་ཚེས5ཉིན་འབྱོར་བའི་གཏམ་གསར། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རང་རྒྱལ་ལ་གཞུང་ལམ་གྱི་ཟམ་པའི་བསྡོམས་འབོར་ཁྲི80ལྷག་ལས་བརྒལ་ཡོད་ཅིང་། མྱུར་བགྲོད་ལྕགས་ལམ་གྱི་ཟམ་པའི་རིམ་ཚད་རིམ་རྩིས་བྱས་ན་སྤྱི་ལེ་ཁྲི1ལས་བརྒལ་བ་རེད། ན་ནིང་གི་ལོ་མཇུག་བར་རྒྱལ་ཡོངས་སུ་གཞུང་ལམ་གྱི་ཟམ་པ་ཁྱོན་བསྡོམས་ཁྲི80.53ཡོད།

     མིག་སྔར་འཛམ་གླིང་ཐོག་བརྒལ་ཐག་གཙོ་བའི་བརྒལ་ཐག་ཆེས་ཤོས་ཡིན་པའི་གསེག་འཐེན་གྱི་ཟམ་པ་དང་། གནམ་དཔྱང་ཟམ་པ། གཞུ་དབྱིབས་ཟམ་པ། གདུང་འདྲའི་ཟམ་པ10ཡི་ནང་རང་རྒྱལ་གྱིས་ཁག་བགོས་ནས་ཟམ་པ7དང་།ཟམ་པ 6 ཟམ་པ6 ཟམ 5བཅས་བཟུང་བ་རེད། ཀྲུང་གོའི་ཟམ་པའི་བྱ་གཞག་འདི་འཛམ་གླིང་གི་ཟམ་པའི་བྱ་གཞག་སྤྱི་ཡོངས་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་ཆགས་ནས་ཀྲུང་གོ་ཕྱིར་སྐྱོད་པའི་མིང་བྱང་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།

     རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་ཚན་རྩལ་དང་ཁྲིམས་ལུགས་སིའི་སི་དཔོན་ཡན་ཧུའུ་ཞང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2025ལོར་སླེབས་དུས་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི3.8ལ་ཟིན་པ་དང་། 2030ལོར་སླེབས་དུས་སྤྱི་ལེ་ཁྲི4.5ལ་ཟིན་པས་ཕྱོགས་བཞི་མཚམས་བརྒྱད་ལ་ཁེབས་པའི་མྱུར་བགྲོད་ལྕགས་ལམ་གྱི་དྲ་བ་ཆགས་རྒྱུ་རེད། ལྕགས་ལམ་འཛུགས་སྐྲུན་གྱི་ཚོང་རའི་མདུན་ལམ་རྒྱ་ཆེ་བ་དང་། ཟམ་པའི་ཁྱབ་ཁོངས་སུ་ནུས་པ་འདོན་ས་མང་བ་རེད། རྒྱལ་ཁབ་ལྕགས་ལམ་ཅུས་ཀྱིས་ཟམ་པའི་ཁྱབ་ཁོངས་ཀྱི་ལག་རྩལ་གསར་པ་དང་་། སྒྲིག་ཆས་གསར་པ། རྒྱུ་ཆ་གསར་པ། བཟོ་རྩལ་གསར་པ་བཅས་ཞིབ་འཇུག་གསར་གཏོད་དང་བེད་སྤྱོད་བྱེད་པར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ནས་ལྕགས་ལམ་རྒྱུན་མཐུད་དུ་སྐྱོན་བྲལ་ལྗང་མདོག་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་མངོན་འགྱུར་བྱ་རྒྱུ་རེད།

      མིག་སྔར། སི་ཁྲོན་ཞིང་ཆེན་གྱི་དབྱི་པིན་གྲོང་ཁྱེར་མན་ཆད་ཀྱི་འབྲི་ཆུའི་འབབ་རྒྱུད་གཙོ་བོའི་ཐོག་གཙང་བརྒལ་ཟམ་པ་ཁྱོན་བསྡོམས135ཡོད་པའི་ནང་འཛུགས་སྐྲུན་བྱེད་བཞིན་པའི་ཟམ་པ32ཡོད་པ་རེད། ཟམ་པ་དེ་དག་ནི་ཀྲུང་གོའི་ལྕགས་ལམ་གྱི་ཟམ་ཆེན་ཅུས་དང་ཀྲུང་གོའི་ལྕགས་ལམ་གྱི་ཟམ་ཆེན་ཁང་ཞུགས་པ་དང་སྐྲུན་འགན་ཁུར་བའི་ཟམ་ཆེན་བརྒྱ་ཉེ་བ་རེད།།


  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཕན་དངུལ་རྩའི་ཞབས་ཕྱིའི་ས་ཚུགས4957བཙུགས་ཏེ་མཐོ་སྒང་གི་ཞིང་འབྲོག་དམངས་ལ་སྟབས་བདེ་བཟོས།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་གྱིས་བསྐྱར་དུ་ཆེས་དཀའ་ངལ་ཡོད་པའི་མི་སྣ་ཁྲི50ལྷག་གི་བསྙེན་བཀུར་ཚད་གཞི་མཐོ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།