མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཕན་དངུལ་རྩའི་ཞབས་ཕྱིའི་ས་ཚུགས4957བཙུགས་ཏེ་མཐོ་སྒང་གི་ཞིང་འབྲོག་དམངས་ལ་སྟབས་བདེ་བཟོས།

ཡེ་ཤེས་ཀྱིས་བསྒྱུར།        2017-11-17

    ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་བ10པའི་ཚེས29ཉིན་འབྱོར་བའི་གཏམ་གསར། ཀྲུང་གོ་མི་དམངས་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་རྨང་གཞི་དངུལ་རྩའི་ཞབས་ཕྱི་དེ་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་པ་བྱས་ཏེ་ཞིང་འབྲོག་དམངས་གྲོང་ཚོ་ཕྱིར་འགྲོ་མི་དགོས་པར་དངུལ་རྩའི་ཞབས་ཕྱི་ལོངས་སུ་སྤྱོད་ཆོག་པ་རེད།

    མཚོ་སྔོན་ནི་རང་རྒྱལ་གྱི་མི་རིགས་མང་པོའི་འདུས་སྡོད་ས་ཁུལ་དང་རྒྱང་རིང་ཞིང་གྲང་ངར་ཆེ་བ། མི་འབོར་ཐར་ཐོར་དུ་གནས་པས། སྔོན་ཆད་མཐའ་འཁོབ་ཀྱི་ཞིང་སྡེ་མང་པོར་དངུལ་རྩ་ལས་ཁུངས་ཀྱི་ཞབས་ཕྱིའི་ས་ཚུགས་མེད་པས་ཞིང་འབྲོག་དམངས་ཚོས་སྤྱི་ལེ་བཅུ་ཙམ་རྒྱང་བའི་སར་ཡོད་པའི་ལས་གཉེར་དྲྭ་ཚུགས་སུ་ལས་སྒོ་གཉེར་འགྲོ་དགོས་པ་རེད།

     ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་ཀུན་ཕན་དངུལ་རྩའི་ཕྱོགས་བསྡུས་ཚོད་ལྟ་ས་ཁུལ་བསྐྲུན་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། མིག་སྔའི་བར་དུ་སླེབས་སྐབས་མཚོ་སྔོན་ཞིང་ཆེན་ཡོངས་སུ་ཞིང་ཕན་དངུལ་རྩ་ཞབས་ཕྱིའི་ས་ཚུགས4957བཙུགས་ནས་སྲིད་འཛིན་གྲོང་སྡེ3062ལ་ཁྱབ་ཡོད་པ། ཞིང་ཕན་དངུལ་རྩ་ཞབས་ཕྱིའི་ས་ཚུགས་འཛུགས་རྒྱུའི་ཆ་རྐྱེན་འཛོམས་པའི་གྲོང་སྡེ་རིམ་པར་ཁྱབ་ཚད་བརྒྱ་ཆ100ལ་ཟིན་པ་རེད། དེའི་ནང་མཚོ་འཕགས་སྨི4000ཡན་དུ་བཙུགས་པའི་དངུལ་རྩ་ཞབས་ཕྱིའི་ས་ཚུགས90ལ་ཟིན་པ་རེད།

     ཉེ་ཆར་གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་སྡེ་ཁ་ཤས་སུ་བོད་རིགས་འབྲོག་དམངས་ཀྱིས་དངུལ་རྩའི་སྐོར་སྐྱོད་ཞབས་ཕྱིའི་རླངས་འཁོར་དུ་དངུལ་རྩའི་ལས་སྒོ་འགྲོ་ལུགས་སྒྲུབ་བཞིན་པའི་གནས་ཚུལ་དངོས་སུ་མཐོང་བ་ཡིན། ས་གནས་དེ་གའི་མང་ཚོགས་ཀྱིས་དངུལ་རྩའི་སྐོར་སྐྱོད་ཞབས་ཕྱིའི་རླངས་འཁོར་དེ་ཟླ་གཅིག་ནང་མ་མཐའ་ཡང་ཐེངས་མ3ཡོང་ནས་དངུལ་ལེན་ཆོག་པར་མ་ཟད་ཡུལ་དངོས་སུ་གཡར་ཐོའི་བྱང་བུ་བཟོ་ཆོག་པས། དངུལ་རྩའི་ཞབས་ཕྱི་དེ་ཞིང་འབྲོག་མི་དམངས་ལ་ངོ་མ་ཞབས་འདེགས་སྟབས་བདེ་མོ་བྱས་ཡོད།། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་ལྔ་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡ
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་གཞུང་ལམ་གྱི་ཟམ་པའི་བསྡོམས་འབོར་ཁྲི80ལས་བརྒལ།
  • དོ་སྣང་ཆེ་བའི་རྩོམ།