རང་རྒྱལ་གྱིས་བཟོས་པའི་མི་མེད་ཐད་འཕུར་གནམ་གྲུ་མཚོ་འཕགས་སྨི5000སར་འཕུར་བའི་ཟིན་ཐོ་བཀོད།

བློ་བཟང་རྒྱ་མཚོ་དང་བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།        2017-11-15

      ཞིན་ཧྭ་གསར་འགྱུར་ཁང་ནན་ཁྲང་ནས་ཟླ་བ11པའི་ཚེས2ཉིན་འབྱོར་བའི་གཏམ་གསར། ཅང་ཞི་ཞིང་ཆེན་རྒྱལ་སྲུང་ཚན་རྩལ་བཟོ་ལས་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཅང་ཞི་ཅིང་ཏེ་གྲོང་རྡལ་དུ་གནས་པའི་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཐད་འཕུར་གནམ་གྲུ་ཇུས་འགོད་ཞིབ་འཇུག་ཁང་རང་ཉིད་ཀྱིས་ཞིབ་བཟོ་བྱས་པའིAV500མི་མེད་ཐད་འཕུར་གནམ་གྲུ་དེ་ཟླ་བ10པའི་ཚེས31ཉིན་མཚོ་འཕགས་སྨི3189ཡོད་པའི་ཀན་སུའུ་བསང་ཆུ་གནམ་ཐང་དུ་ཚོད་འཕུར་ལམ་ལྷོངས་བྱུང་བ་རེད། འཕུར་སྐྱོད་བྱེད་རིང AV500དེ་མཚོ་འཕགས་སྨི5006གི་མཐོ་ཚད་དུ་འཕུར་ནས་རང་རྒྱལ་གྱིས་བཟོས་པའི་མི་མེད་ཐད་འཕུར་གནམ་གྲུ་ཚོད་འཛིན་འཕུར་ཚད་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།

      ངོ་སྤྲོད་བྱས་པར་གཞིགས་ན། 2015ལོར། AV500མི་མེད་ཐད་འཕུར་གནམ་གྲུ་མཚོ་འཕགས་སྨི1600ཡི་ནང་སོག་ཨ་ལ་ཧྲན་དུ་ས་མཐོའི་ཚོད་འཕུར་ལེགས་གྲུབ་བྱུང་ཞིང་། ད་ཐེངས་ཚོད་འཕུར་བྱ་ཡུལ་མཚོ་འཕགས་སྨི3000ཡན་གྱི་མཚོ་བོད་ས་མཐོར་འདེམས་དགོས་དོན་ནི་གནམ་གྲུ་དེ་ས་བབ་མཐོ་བའི་ས་ཁོངས་སུ་འཕུར་སྐྱོད་དང་ལས་སྒྲུབ་ཀྱི་ནུས་པར་སྔར་བས་ཞིབ་བཤེར་བྱ་ཆེད་རེད། AV500ས་མཐོར་ཚོད་འཕུར་བྱེད་སྐབས་དུས་རིམ་གཉིས་ལ་ཕྱེ་སྟེ་ཀན་སུའུ་ཞིང་ཆེན་བསང་ཆུ་གནམ་གྲུ་ཐང་དུ་ཚོད་འཕུར་བྱས་རྗེས་ས་བབ་མཐོ་ཚད་སྨི4600ཡི་ས་ཁོངས་སུ་འབྲེལ་ཡོད་ཚོད་འཕུར་དང་མཁའ་ཐོག་ལས་སྒྲུབ་ཚོད་ལྟ་བྱ་རྒྱུ་ཡིན་པ་རེད།། 


  • ལེ་ཚན་སྔོན་མ།:མཚོ་སྔོན་གྱི་གཞུང་འཛུགས་སྨན་ཁང་གིས་ཕྱོགས་ཡོངས་ནས་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་ཁྱབ་གདལ་བཏང་།
  • ལེ་ཚན་རྗེས་མ།:ཟླ་བ་དང་པོ་ནས་དགུ་པའི་བར་རང་རྒྱལ་གྱི་ལས་ཞུགས་གནས་བབ་རྒྱུན་མཐུད་དེ་བརྟན་ཐོག་ཡག་འཕེལ་བྱུང་ཡོད།
  • དོ་སྣང་ཆེ་བའི་རྩོམ།