འགྲིམ་འགྲུལ་ལས་གཞི་འཛུགས་སྐྲུན་མགྱོགས་སུ་བཏང་ནས་འགོག་རྐྱེན་བཅུར་འགག་གཏོར་ཤུགས་ཆེ་རུ་གཏང་དགོས།

བདེ་སྐྱིད་ཀྱིས་བསྒྱུར།        2017-11-13

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་འགྲིམ་འགྲུལ་ལས་དོན་གྱི་ཆེད་དོན་ཚོགས་འདུའི་གཙོ་འགན་གནང་བ་རེད། ཚོགས་ཐོག་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་དང་ཐེངས་གསུམ་པའི་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་ལས་གཞིར་སྐུལ་འདེད་གཏང་རྒྱུའི་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་། ཐེངས་བཞི་པའི་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་ལས་གཞིར་སྐུལ་འདེད་གཏང་རྒྱུའི་འཆར་འགོད་ལ་ཞིབ་འཇུག་བྱས་ཤིང་། རྗེས་མའི་ལས་ཀར་བཀོད་སྒྲིག་བྱས་པ་རེད།

ཞའོ་ཡིའུ་ཚའེ་ཡིས་རིམ་པ་ཁག་དང་སྡེ་ཁག་སོ་སོས་དམིགས་ཚད་དང་ལས་འགན་སྔར་བས་ཁ་གསལ་བྱ་དགོས་པ་དང་། སེམས་ཐག་གཙང་བཅད་དང་མཐའ་གཅིག་ཏུ་འགན་འཁུར་ནས་འགྲིམ་འགྲུལ་གྱི་ལས་གཞི་གལ་ཆེན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། འགྲིམ་འགྲུལ་ལས་གཞི་འཛུགས་སྐྲུན་མགྱོགས་སུ་བཏང་ནས་འགོག་རྐྱེན་བཅུར་འགག་གཏོར་ཤུགས་ཆེ་རུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།


  • ལེ་ཚན་སྔོན་མ།:ཐོག་མའི་བསམ་འདུན་མ་བརྗེད་ཅིང་འགན་འཁྲི་བློར་བརྟན་པོར་ངེས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་གྱིས་བསམ་བློར་དྲག་ཆས་སྤྲས་ཏེ་ལག་ལེན་ལ་ཁྲིད་སྟོན་དང་ལས་ཀར་སྐུལ
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་ཡིས་ཏ་ཐང་སི་ཁྲོན་གློག་འདོན་སྤྱི་གཉེར་ཁང་གི་ལས་འཛིན་འགོ་འཛིན་ཕན་མིང་དང་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།