ཐུན་མོང་དུ་ཀྲུང་གོའི་མཛའ་གཞས་འདུ་ཚོགས་བསྐྲུན་ནས་མཛའ་གཞས་ཀྲུང་གོ་ཞེས་པའི་རིག་གནས་ཐོན་ལས་ཀྱི་འབྲེལ་ཐག་གྲུབ་པ།།

ཁྲེང་ཕུང་དང་རིག་འཛིན་ཉི་མས་བསྒྱུར།        2017-11-13

     ཟླ11པའི་ཚེས3ཉིན། ཁྲེང་ཏུའུ་གྲོང་ཁྱེར་དུ2017སྐབས་བཅུ་བཞི་པའིསི་ཁྲོན་གློག་བརྙན་དུས་ཆེན་ཐོག ཧྥུང་ཧོང་བརྙན་འཕྲིན་ཚད་ཡོད་སྤྱི་གཉེར་ཁང་དང་། སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་། དཀར་མཛེས་ཁུལ་བཅས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད། གན་རྒྱ་འཇོག་པའི་མཛད་སྒོའི་སྔོན་དུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལིས་ཧྥུང་ཧོང་བརྙན་འཕྲིན་ཚོད་ཡོད་སྤྱི་གཉེར་ཁང་གི་རྐང་བདག་ཅུས་ཀྱི་ཀྲུའུ་ཞི་ལིའུ་ཁྲང་ལེ་དང་བཅས་པར་ཐུག་འཕྲད་གནང་།

     ཞིང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཀྲང་ཀན་ལིན་དང་ཧྥུང་ཧོང་བརྙན་འཕྲིན་ཚད་ཡོད་སྤྱི་གཉེར་ཁང་གི་རྐང་བདག་ཅུས་ཀྱི་ཀྲུའུ་ཞི་ལིའུ་ཁྲང་ལེ་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་མཛད་སྒོ་སྟེང་དུ་ཤིས་ཚིག་ཞུས། ཧྥེང་ཧོང་བརྙན་འཕྲིན་ཁང་གི་རྒྱ་ཡིག་བརྙན་འཕྲིན་ཁང་གི་འགོ་གཙོ་ཀའོ་ཡན་དང་། སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་འགོ་གཙོའི་ལས་རོགས་པ། སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་སྨྱན་སྦྱོར་ཚོགས་པའི་སྤྱི་གཉེར་ཁང་གི་ལས་འཛིན་པ་ཁྲེན་ལི། ཁུལ་ཨུ་ཧྲུའུ་ཅི་གཞོན་པ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡིའུ་ཚའེ་བཅས་ཀྱིས་མཉམ་ལས་གྲོས་མཐུན་བཞག་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཀྲང་བྱམས་བློ་མཛད་སྒོར་ཞུགས།

     དར་མདོའི་མཛའ་གཞས་ལ་བརྟེན་ནས་དར་མདོ་གྲོང་ཁྱེར་གྱི་སྙན་གྲགས་ཕྱོགས་བཞིར་ཁྱབ་ཡོད། ཀྲུང་གོའི་མཛའ་གཞས་དུས་ཆེན་གྱི་ཟོང་རྟགས་བསྐྲུན་པ་དང་བསྟུན་ནས། འདབ་པའི་ཉི་སྟེན་ཞེས་པའི་ས་ཁུལ་རིག་གནས་མཚོན་རྟགས་དེ་ཀྲུང་གོའི་མཛའ་གཞས་རིག་གནས་ཐོན་ལས་ཀྱི་འབྲེལ་ཡོད་ཐོན་རྫས་ཁྱབ་སྤེལ་གཏང་རྒྱུའི་ཁྲོད་དུ་འདྲེས་བསྲེས་བྱས་ཏེ། ཀྲུང་གོའི་མཛའ་གཞས་ཀྱི་རིག་གནས་ཟོང་རྟགས་དང་འདབ་པའི་ཉི་སྟེན་གྱི་ཟོང་རྟགས་གཉིས་གཅིག་སྦྲེལ་མཉམ་ཁེ་ཡོང་དུ་བཅུག་པ་རེད། ཕྱོགས་གསུམ་པོའི་འཐབ་ཇུས་མཉམ་ལས་དེ་སི་ཁྲོན་ཞིང་ཆེན་རིག་གནས་ཐོན་ལས་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མཐུན་ཞིང་། སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་བཟང་པོ་འདོན་ཐུབ་ངེས་རེད།

     གྲོས་མཐུན་ཡི་གེ་གཞི་བཟུང་ནས། ཧྥུང་ཧོང་བརྙན་འཕྲིན་དང་། སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་། དཀར་མཛེས་ཁུལ་སྲིད་གཞུང་གིས་ཀྲུང་གོའི་མཛའ་གཞས་ཞེས་པའི་རིག་གནས་ཟོང་རྟགས་གཙོ་བོར་དམིགས་ནས་རིག་གནས་ཐོན་རྫས་གསར་སྤེལ་དང་ཁྱབ་གདལ་བཏང་སྟེ། ཐུན་མོང་དུ་ཀྲུང་གོའི་མཛའ་གཞས་དུས་ཆེན་གྱི་ཟོང་རྟགས་བསྐྲུན་པ་དང་། ཀྲུང་གོའི་མཛའ་གཞས་རིག་གནས་ཐོན་ལས་ཀྱི་སྦྲེལ་ཐག་འབྲེལ་བར་སྐུལ་འདེད་གཏང་རྒྱུ་རེད།

    གན་རྒྱ་འཇོག་པའི་མཛད་སྒོའི་ཐོག་སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་ད་དུང་ཧྥུང་ཧོང་བརྙན་འཕྲིན་ཚད་ཡོད་སྤྱི་གཉེར་ཁང་དང་མཉམ་ལས་གྲོས་མཐུན་བཞག་ནས།    ཕྱོགས་གཉིས་ཀྱིས་ཐོན་ཁུངས་མཉམ་སྤྱོད་དང་ལས་སྒོ་མཉམ་ལས།   རིག་གནས་གསར་གཏོད་ཐོན་ལས་སོགས་ཀྱི་ཐད་ལ་རྒྱ་ཆེ་ལ་གཏིང་ཟབ་པའི་མཉམ་ལས་བྱ་རྒྱུ་གཏན་འབེབས་བྱས།   དེའི་ནང་ཐོག་མར་དངོས་བཤུས་གློག་བརྙན་ཐད་མཉམ་ལས་དང་།   གཙོ་གནད་དུརྒྱུད་གཅིག་ལམ་གཅིགགི་བརྗོད་དོན་གཙོ་བོ་ཡིན་པའི་དངོས་བཤུས་གློག་བརྙནསི་ཁྲོན་གྱི་ལམ་མཆོགཅེས་པ་དེ་གསར་བཟོ་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:མཐོ་སྒང་ཉེན་མེད་ཡུལ་དུ་ཁྱིམ་གཞིས་གསར་པ་བསྐྲུན།
  • ལེ་ཚན་རྗེས་མ།:ཐོག་མའི་བསམ་འདུན་མ་བརྗེད་ཅིང་འགན་འཁྲི་བློར་བརྟན་པོར་ངེས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་གྱིས་བསམ་བློར་དྲག་ཆས་སྤྲས་ཏེ་ལག་ལེན་ལ་ཁྲིད་སྟོན་དང་ལས་ཀར་སྐུལ
  • དོ་སྣང་ཆེ་བའི་རྩོམ།