འོས་འགན་གསར་པ་ཕྲག་ཏུ་འཁུར་ནས། འཐབ་ལམ་གསར་པའི་ཕྱོགས་སུ་གོམ་ཁ་སྤོ།

རིན་འཛིན་དབང་མོ་དང་ཡེ་ཤེས་གཉིས་ཀྱིས་བསྒྱུར།        2017-11-09


    ཉེ་ཆར། ཁུལ་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་གཉིས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱེད་པའི་ཚོགས་འདུ་སྐོང་ཚོགས་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཀྲིན་ཧྭ་དང་ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་ཡུས་ཧྥིན་གཉིས་ཀྱིས་ཚོགས་ཆེན་བཅུ་དགུ་པ་དང་ཁུལ་ཨུའི་རྒྱུན་ལས(རྒྱས་འཛོམས)གྲོས་ཚོགས་ཀྱི་སྙིང་དོན་དོན་འཁྱོལ་མཐར་ཕྱིན་ཡོང་བར་བཀོད་སྒྲིག་བྱས།

    ལུའུ་ཀྲིན་ཧྭས་ཁུལ་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡོངས་ཀྱི་གྲོས་ཚོགས་སུ་ནན་བཤད་བྱས་དོན། ཁུལ་ཡོངས་ཀྱི་སྲིད་ཁྲིམས་མ་ལག་དག་གིས་ངེས་པར་དུ་ཞི་ཅིན་ཕང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དེ་མིན་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་དོན་འཁྱོལ་ལེགས་པོ་བྱ་རྒྱུ་ནི་དེང་སྐབས་ནས་ཕྱིན་ཆད་དུས་རབས་གཅིག་གི་ནང་དུ་བསྒྲུབ་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་དེ་ཡིན། དེར་འགོ་ཁྲིད་ལས་བྱེད་དག་གིས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་རྒྱུ་དང་ཉེན་རྟོག་ཚན་ཁག་ཡོངས་ཀྱིས་བརྒྱུད་རིམ་ལྡན་པའི་སྒོ་ནས་སྦྱངས་པ། དྲིལ་བསྒྲགས་ཀྱི་ནུས་ཤུགས་ཆེར་བཏང་ནས་ཡོངས་ཁྱབ་ཏུ་སྦྱངས་པ། དོན་དངོས་ལ་འབྲེལ་ཏེ་གསར་གཏོད་རང་བཞིན་ཅན་གྱིས་སྦྱངས་པ་བཅས་ཁྲིམས་ལྟར་ཁུལ་སྐྱོང་གི་འཐབ་ཇུས་རྒྱུན་ཆད་མེད་པར་འཐུས་ཚང་གཏོང་རྒྱུ་དང་ཡུན་རིང་བདེ་འགོད་ཀྱི་ཁྲིམས་ཀྱི་རྩ་བ་སྲ་བརྟན་དུ་བཏང་སྟེ། སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་དོན་འཁྱོལ་གྱི་བྱེད་སྒོར་རྒྱུན་ཆད་མེད་པར་ཟབ་ཞུགས་ཁྲིད་སྟོན་བྱེད་རྒྱུ་དེའོ།།
    ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་བརྒྱུད་བསྒྲགས་བྱེད་པའི་ཚོགས་འདུ་རུ་ཚུའེ་ཡུས་ཧྥིན་གྱིས་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱིས་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་དོན་འཁྱོལ་ལེགས་པོ་བྱ་རྒྱུ་ནི་དེང་སྐབས་ནས་ཕྱིན་ཆད་དུས་རབས་གཅིག་གི་ནང་དུ་སྒྲུབ་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་དེ་ཡིན། དེ་བཞིན་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་དང་གསར་དུ་དག་བཅོས་བྱས་པའི་ཏང་གི་སྒྲིག་ཡིག་གཙོར་བཟུང་རྒྱུ་དང་། ཚོགས་ཆེན་བཅུ་དགུ་པས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་ཁོང་དུ་ཆུད་པ་བྱེད་རྒྱུ། གཞན་བོད་རྒྱ་སྐད་གཉིས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་འགྲེམ་གཏོང་དང་དགོན་པར་ཟབ་ཞུགས་སྒྲོག་འགྲེལ་བཅས་བྱེད་ཐབས་བརྒྱུད་ནས། སློབ་སྦྱོང་དང་དོན་འཁྱོལ་གྱི་འདུ་ཤེས་བཟུང་སྟེ་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཁྲོད་མགོ་མཇུག་ཡོངས་སུ་ཁྱབ་པར་བྱ་དགོས་ཞེས་ནན་བཤད་བྱས།


  • ལེ་ཚན་སྔོན་མ།:ཕྱག་ཕྲེང་རྫོང་གིས་རྒྱལ་སྤྱིའི་སྤྲོ་གསེང་ཡུལ་སྐོར་བྱ་ཡུལ་བསྐྲུན།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་དང་ཞིང་ཆེན་གྱི་ལས་སྒྲུབ་རུ་ཁག་རང་ཁུལ་དུ་ཡོང་ནས་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟ་བྱེད་གནས་སུ་དུས་སྐབས་བར་མར་ཚོད་དཔག་བྱས་པ་རེ
  • དོ་སྣང་ཆེ་བའི་རྩོམ།