རང་ཁུལ་གྱིས་བོད་ཁུལ་དམངས་འཚོའི་ལས་གྲྭ་ཆེན་པོ་དྲུག་དམ་འཛིན་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2017-11-09

     བོད་ཁུལ་དུ་དམངས་འཚོའི་ལས་གྲྭ་ཆེན་པོ་དྲུག་ལག་བསྟར་གཏང་རྒྱུ་ནི། རང་ཁུལ་གྱི་དབུལ་སྐྱོར་གནད་སྨིན་ལས་དོན་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བར་མ་ཟད། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལའང་སྐུལ་འདེད་བཏང་ཡོད་པ་རེད།

    ཁུལ་སྲིད་གཞུང་གི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་བོད་ཁུལ་གྱི་དམངས་འཚོའི་ལས་གཞི་ཆེན་པོ་དྲུག་གི་མ་དངུལ་སྒོར་དུང་ཕྱུར31.09ལག་ཐོག་འབྱོར་བ་དང་། མ་དངུལ་སྒོར་དུང་ཕྱུར22.41སྤྱད་ཚར་བས་ལེགས་གྲུབ་བྱུང་ཚད་བརྒྱ་ཆ72.10ཡིན་པ་རེད། དབུལ་སྐྱོར་འགག་སྒྲོལ་གྱི་ལས་གཞི15དང་རྒུད་གསབ་ལས་སྤྲོད་ལས་གཞི23ལག་ལེན་བྱེད་ཅིང་དུད་ཚང3232ཀྱི་མི་གྲངས12654ལ་གནས་སྤོས་དབུལ་སྐྱོར་ལས་གཞི་ལག་བསྟར་བཏང་བ་རེད། ན་གཞོན་ངལ་རྩོལ་པ1598གསོ་སྐྱོང་བྱས་པ་དང་། བོད་ཁུལ་གྱི་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མ་ཐོག་མའི་ལས་ཞུགས་ཐུབ་ཚད་བརྒྱ་ཆ95ལ་སླེབས་ཡོད། རིམ་རྩིས་བྱས་ན་མི་གྲངས་ཁྲི14 ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་བྱས་ཡོད། དཀའ་ངལ་ཡོད་པའི་ཁྱིམ་ཚང13167གྱི་རྒན་རྒོན་དང་ལོ80ཡན་གྱི་རྒན་རྒོན་རྣམས་ཁྱིམ་དུ་རྒན་གསོའི་ཞབས་ཞུ་འདོན་སྤྲོད་བྱས་ཡོད། བྱིས་པ27526གི་ལོ3ཡི་གསོ་སྲུང་གྲོན་དངུལ་མི་དགོས་པ་བཟོས་ཡོད། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭའི་སློབ་མ131200ཡི་ལས་བྱ་འབྲི་དེབ་ཀྱི་རིན་པ་མི་དགོས་པ་བྱས་ཡོད། འོས་འགན་སློབ་གསོའི་དུས་རིམ་གྱི་ཞག་སྡོད་སློབ་མ87900ལ་འཚོ་བའི་རོགས་དངུལ་འདོན་སྤྲོད་བྱས་ཡོད། མཐོ་རིམ་སློབ་འབྲིང་གི་སློབ་མ13393ལ་སློབ་ཡོན་ཆག་ཡང་དང་རྩ་ཆག་བཏང་ཡོད། འབྲིང་རིམ་ལས་རིགས་ཀྱི་སློབ་མ1132དང་སློབ་ཆེན་དངོས་གཞིའི་སློབ་མ། ཆེད་ཚན་སློབ་མར་རོགས་དངུལ་སྤྲད་དེ་དབུལ་ཕོངས་ཡིག་ཚགས་བཟོས་ཡོད། སློབ་གྲྭ་ཆུང་འབྲིང་གི་སློབ་ཁང56གསར་དུ་བཙུགས་ཡོད། མང་ཚོགས248462ལ་ཐུམ་འབུའི་ནད་ཀྱི་རིན་མེད་འཚག་བཤེར་བྱས་པ་དང་ནད་པ12141ལ་རིན་མེད་སྨན་བཅོས་བྱས་ཡོད། མི512ལ་ལིང་གྲིབ་བསྐྱར་མཐོང་གི་རིན་མེད་གཤག་བཅོས་བྱས་ཡོད། གྲོང་གསེབ་ཀྱི་སྦྲུམ་མ3000ལྷག་ཙམ་ལ་སྨན་ཁང་དུ་ཕྲུ་གུ་སྐྱེ་བའི་ཁ་གསབ་རོགས་དངུལ་སྤྲད་ཡོད། གྲོང་སྡེ268ལ་རླུང་འཕྲིན་དང་དུད་ཚང10814ལ་བརྙན་འཕྲིན་གཏོང་ཐུབ་པ་བྱས་ཡོད། ཞིང་པའི་ལུས་རྩལ་ལུས་སྦྱོང་ལས་གྲྭ268བཙུགས་ཡོད། བོད་ཁུལ་གྱི་སྡོད་ཁང་གསར་པ10900ལས་འགོ་ཚུགས་ཤིང་དུད་ཚང8493གྱི་སྡོད་ཁང་བསྐྲུན་ཟིན་པ་རེད།། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ཁུལ་རིམ་པའི་ལས་ཁུངས་སོ་སོ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་འདུར་ཞུགས།
  • ལེ་ཚན་རྗེས་མ།:ཁུལ་ཨུས་རྒྱུན་ལས་ཨུ་ཡོན་གྱི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།