གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།

ཐུབ་བསྟན་དང་མཁས་གྲུབ། བདེ་ཆེན་བཅས་ཀྱིས།        2017-10-26

  

གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།

དུས་རབས༢༠པའི་འགོར་དཀར་མཛེས་བོད་ཁུལ་ནི་རྗེས་ལུས་བཀག་སྡོམ་གྱི་བྲན་གཡོག་སྤྱི་ཚོགས་སུ་གནས་ཡོད།

  ༡༩༣༥ལོར་ཀྲུང་གོ་གུང་ཁྲན་ཏང་གིས་དབུ་ཁྲིད་གནང་བའི་བཟོ་ཞིང་དམར་དམག་དཀར་མཛེས་ཁུལ་བརྒྱུད་ནས་རྒྱང་སྐྱོད་བྱེད་སྐབས། ལྕགས་ཟམ་ཟམ་པ་འཕྲོག་ལེན་ཐུབ་པ་དང་དཀར་མཛེས་སུ་དམར་དམག་ལྷན་འཛོམས་བྱུང་ཞིང་། རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་གསར་བརྗེའི་དམག་དོན་སྲིད་འཛིན་དང་པོ་སྟེ་བོད་པ་སྲིད་གཞུང་བཙུགས་པ་དང་། དཀར་མཛེས་ཁུལ་གྱི་མི་དམངས་ཀྱིས་རང་ནུས་གང་ལྕོགས་ཀྱིས་དམར་དམག་ལ་རོགས་སྐྱོར་བྱས་པར་བརྒྱུད། གསར་བརྗེའི་མེ་སོན་ཁམས་པའི་ས་གཞི་ཆེན་པོར་བཏབ་པ་རེད།

གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།

   ༡༩༥༠ལོར་རྒྱལ་ཡོངས་ཀྱི་མི་རིགས་རང་སྐྱོང་ཁུལ་དང་པོ་དེ་དཀར་མཛེས་བོད་ཁུལ་དུ་བཙུགས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་བུ་དང་བུ་མོས་ལྷག་བསམ་ཟོལ་མེད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་དམར་དམག་འབུམ་ཤོག་བཅོ་བརྒྱད་པ་དང་བོད་ཞི་བས་བཅིངས་འགྲོལ་གཏོང་བར་རྒྱབ་སྐྱོར་བྱས་ཏེ་བྱས་རྗེས་གསར་པ་བཞག་པ་རེད།

གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།

   ༡༩༥༦ལོར་དམངས་གཙོ་བཅོས་བསྒྱུར་བྱས་ཏེ་ལོ་སྟོང་རིང་ལ་ལུས་ཐོག་མནན་ཡོད་པའི་བཀས་བཀོད་བྲན་གཡོག་ལམ་ལུགས་དེ་རྦད་དེ་མགོ་རྟིང་བསློགས་པ་དང་། བསྒྱུར་བཀོད་ཆེན་པོ་གསུམ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བདེ་བའི་ལམ་ཆེན་དུ་བསྐྱོད་པ་རེད།

 གསར་བརྗེའི་ཞབས་རྗེས།

   ༡༩༣༤ལོའི་ཟླ་བ༡༠པར། ཀྲུང་གུང་ཀྲུང་དབྱང་གིས་དམར་དམག་རུ་ཤོག་དང་པོ་ཁྲིད་དེ་འཛམ་གླིང་ན་གྲགས་པའི་ལེ་བར་ཁྲིའི་རྒྱང་སྐྱོད་བྱེད་འགོ་ཚུགས་པ་རེད། ༡༩༣༥ལོའི་ཟླ་བ༥པ་ནས༡༩༣༦ལོའི་ཟླ་བ༧པའི་བར། ཀྲུང་གོའི་བཟོ་ཞིང་དམག་ཤོག་དང་པོ་དང་གཉིས་པ། བཞི་པ་བཅས་རྒྱང་སྐྱོད་ཀྱི་ལམ་བར་དུ་སྔོན་རྗེས་སུ་དཀར་མཛེས་བོད་ཁུལ་དུ་ཡོང་བ་རེད། དཀར་མཛེས་བོད་ཁུལ་དུ་དམར་དམག་རྒྱང་སྐྱོད་ཀྱི་དུས་ཡུན་ཟླ་བ༡༥འགོར་ཞིང་རྫོང་ཁག༡༦བརྒྱུད་ཡོད། (ད་ལྟའི་སྲིད་འཛིན་ས་ཁོངས་ལྟར་བརྩིས་ན།) ཁམས་པའི་ས་ཁུལ་དུ་དམར་དམག་གིས་མི་རིགས་ས་ཁོངས་སྲིད་ཇུས་ལག་བསྟར་བྱས་ཤིང་ཏང་གི་ས་གནས་རྩ་འཛུགས་དང་བོད་པ་སྲིད་གཞུང་བཙུགས་པ་དང་། མི་རིགས་ཆོས་ལུགས་ཀྱི་མཐོ་གྲས་མི་སྣ་དང་སེར་སྐྱ་ཡོངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཅིང་ངལ་གསོའི་གོ་སྐབས་རག་པར་བརྟེན་དམར་དམག་གི་གཙོ་ཤུགས་གསུམ་རྒྱལ་ཁའི་ངང་ལྷན་འཛོམས་བྱུང་ཞིང་རྒྱང་སྐྱོད་ལས་རྒྱལ་ཁ་ཐོབ་པར་རྨང་གཞི་བརྟན་པོ་བཞག་པ་རེད།

གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།
གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།
གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།
གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།
གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།

དམར་དམག་འབུམ་ཤོག་བཅོ་བརྒྱད་པ་བོད་དུ་ཞུགས་པ།

    ༡༩༥༠ལོའི་ཟླ་བ༤པར། དམར་དམག་འབུམ་ཤོག་བཅོ་བརྒྱད་པའི་བོད་ཞུགས་དཔུང་སྡེ་གཅིག་རྗེས་གཉིས་མཐུད་ཀྱིས་ཁམས་ཁུལ་དུ་ཞུགས་པ་དང་། ཁྲི་ཤོག་ང་གཉིས་པས་དཀར་མཛེས་ཁུལ་གྱི་བྱང་རྒྱུད་ནས་བོད་དུ་དཔུང་འཇུག་བྱས་ཤིང་། ཁྲི་ཤོག་ང་གསུམ་པས་དཀར་མཛེས་ཁུལ་གྱི་ལྷོ་རྒྱུད་ནས་བོད་དུ་དཔུང་འཇུག་བྱས་ཡོད། དམར་དམག་འབུམ་ཤོག་བཅོ་བརྒྱད་པའི་རྒྱབ་ཕྱོགས་དམག་སྤྱི་ཁང་དེ་དཀར་མཛེས་རྫོང་དུ་བཙུགས་ཏེ་རྒྱབ་ཕྱོགས་ཀྱི་འབྲེལ་ཡོད་ལས་དོན་བསྒྲུབས་པ་རེད།

གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།

གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།

གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།

གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།

     ༡༩༥༠ལོའི་ཟླ་བ༡༠པར། ཁམས་ཁུལ་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག་དམར་དམག་འབུམ་ཤོག་བཅོ་བརྒྱད་པའི་དམག་དཔུང་འབྲི་ཆུ་བརྒལ་ནས་ཆབ་མདོར་དམག་འཐབ་བརྒྱབ་སྟེ་ཆབ་མདོ་བཅིངས་འགྲོལ་བཏང་བ་རེད། ༡༩༥༡ལོའི་ཟླ་བ༥པར། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་སྲིད་གཞུང་བར་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་གྲོས་མཐུན་ཡི་གེ་བཞག་ཅིང་བོད་ཞི་བས་བཅིངས་འགྲོལ་གཏོང་བར་ཁྱབ་བསྒྲགས་བྱས་པ་རེད། ཁམས་ཁུལ་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་དམངས་ཀྱིས་རྒྱབ་སྐྱོར་བྱས་ནས་དམར་དམག་འབུམ་ཤོག་བཅོ་བརྒྱད་པ་བོད་དུ་དཔུང་འཇུག་བྱེད་པའི་ལས་འགན་ཡང་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་རེད།

གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།
གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།
གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།
གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།
གསར་བརྗེའི་རྗེས་ཤུལ་གྱིས་ཁེངས་པའི་གནས་མཆོག་དཀར་མཛེས།

     དཀར་མཛེས་བོད་ཁུལ་ནི་སི་ཁྲོན་གྱི་ལྷོ་ནུབ་ཀྱི་མཐར་གནས་ཤིང་ས་རྒྱ་ཆེ་ཞིང་མི་ཉུང་བ་དང་། གོ་མིན་ཏང་དབང་འཛིན་ལས་ཁུངས་ཀྱིས་བཀག་སྡོམ་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཆ་འཕྲིན་གོ་རྒྱུ་ཉུང་ཞིང་དམར་དམག་བྱང་བསྐྱོད་བྱས་རྗེས་ཀྲུང་གོ་གུང་ཁྲན་ཏང་གི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་དཀའ་བར་གྱུར་ཡོད། ཀྲུང་གུང་ཀྲུང་དབྱང་ལྷོ་ཕྱོགས་ཅུས་ཀྱིས་འགོ་ཁྲིད་གནང་འོག་ཏང་གིས་དཀའ་ངལ་དུ་མ་ཁྱད་དུ་བསད་ནས་དར་མདོར་གསང་བའི་ཏང་རྩ་འཛུགས་ཏེ་དར་མདོའི་ཁྱད་དམག་རུ་ཁག་བཙུགས་པ་དང་། ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ནུབ་རྒྱུད་ལས་དོན་ཨུ་ལྷན་གྱིས་མངག་གཏོང་བྱས་ནས་འབའ་ཐང་དུ་ཀྲུང་གུང་ཁམས་བོད་ས་མཐའི་ལས་དོན་ཨུ་ལྷན་དང་དེའི་འགོ་ཁྲིད་འོག་གི་ཁམས་ཁུལ་དམངས་གཙོ་ལོ་ཆུང་མནའ་འབྲེལ་ཚོགས་པ་བཙུགས་པ་རེད། ༡༩༥༡ལོའི་ཟླ་བ༧པར་བོད་དམག་ཤོག་བཙུགས་ཤིང་དེའི་རྨང་གཞིའི་ཐོག་ནས་ཕུལ་དུ་བྱུང་བའི་ཚོགས་པ་དང་མི་སྒེར་མང་པོ་བྱུང་བ་དང་། སྔོན་ཐོན་གྱི་རྩ་འཛུགས་དང་ཚོགས་པ་དེ་དག་གིས་དཀར་མཛེས་བོད་ཁུལ་གྱི་བཅིངས་འགྲོལ་དང་འཕེལ་རྒྱས་བྱ་གཞག་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:འབྱུང་བའི་རང་བཞིན་དང་བསྟུན་པའི་ཡུལ་ས་སྡོད་ཁང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།