ངོ་མཚར་བའི་སྒྱུ་རྩལ་རིག་གནས།

ཐུབ་བསྟན་དང་མཁས་གྲུབ། ཨོ་རྒྱན། བདེ་ཆེན།        2017-10-11

ངོ་མཚར་བའི་སྒྱུ་རྩལ་རིག་གནས།
དཔལ་ཡུལ་ཧོར་པོའི་མི་རིགས་ལག་ཤེས་བཟོ་རྩལ།

       ཧོར་པོའི་མི་རིགས་ལག་ཤེས་བཟོ་རྩལ་དེ་ཡིས་བོད་མི་རིགས་ཀྱི་དམངས་ཁྲོད་ཀྱི་ལག་ཤེས་སྒྱུ་རྩལ་གྱི་རྣམ་པ་ཀུན་ནས་མཚོན་ཞིང་འགྲན་ཟླ་བྲལ་བའི་མི་རིགས་སྒྱུ་རྩལ་གྱི་རྩ་ཆེན་ནོར་བུ་ཞེས་བརྗོད་ཆོག  2003ལོར་སི་ཁྲོན་ཞིང་ཆེན་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་ཡུལ་སྐོར་ཚོང་རྫས་དང་ཡུལ་སྐོར་ཚོང་རྫས་དམིགས་འཛུགས་ཐོན་སྐྱེད་རྟེན་གཞིར་གཏན་འཁེལ་བྱས། 2008ལོར། དཔལ་ཡུལ་ཧོར་པོའི་གསེར་དངུལ་ཟངས་རིགས་ཀྱི་ལག་ཤེས་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་ཡུལ་གྱི་གྲས་སུ་བདམས། དེའི་བཟོ་རྩལ་ལ་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་ཅིང་གེ་སར་གྱི་མཚོན་ཆའི་སྡེ་བ་ཞེས་པའི་མཚན་སྙན་ཡོད།

ངོ་མཚར་བའི་སྒྱུ་རྩལ་རིག་གནས།
ངོ་མཚར་བའི་སྒྱུ་རྩལ་རིག་གནས།
ངོ་མཚར་བའི་སྒྱུ་རྩལ་རིག་གནས།
ངོ་མཚར་བའི་སྒྱུ་རྩལ་རིག་གནས།

བོད་ཁུལ་གྱི་རྡོ་བརྐོས་རིག་གནས།

       བོད་ཀྱི་ས་ཆ་གང་སར་རྡོ་ཐོག་ལ་བརྐོས་པའི་སྔགས་དང་། ལྷ་སྐུ། བཀྲ་ཤིས་པའི་རི་མོ། ཐང་ག  རྡོ་རིང་ཡི་གེ་སོགས་ཡོད་ཅིང་། རྡོ་བརྐོས་དེ་དག་བལྟས་ན་མིག་ལ་མཛེས་པར་མ་ཟད། རིག་གནས་ཀྱི་རིན་ཐང་ཡང་ཆེན་པོ་ཡོད་པ་རེད།

ངོ་མཚར་བའི་སྒྱུ་རྩལ་རིག་གནས།
ངོ་མཚར་བའི་སྒྱུ་རྩལ་རིག་གནས།
ངོ་མཚར་བའི་སྒྱུ་རྩལ་རིག་གནས།

བོད་ཀྱི་རྡོ་བརྐོས་རིག་གནས་དེ་གནའ་ནས་ད་བར་མ་ཉམས་པར་ཡོད་པ་དང་། རྡོ་བརྐོས་ལ་ལར་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན། ཆོས་ལུགས་དང་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་དང་བསྟུན་ནས། སྣ་མང་ཕུན་སུམ་ཚོགས་པའི་རྡོ་བརྐོས་རིག་གནས་ཀྱིས་མི་མང་པོའི་ཡིད་དབང་བཀུག་པར་བྱས།

ངོ་མཚར་བའི་སྒྱུ་རྩལ་རིག་གནས།
ངོ་མཚར་བའི་སྒྱུ་རྩལ་རིག་གནས།
ངོ་མཚར་བའི་སྒྱུ་རྩལ་རིག་གནས།
ངོ་མཚར་བའི་སྒྱུ་རྩལ་རིག་གནས།

རི་མོའི་བྲིས་རྒྱུན་ཀརྨ་སྒར་བྲིས།

     ཀརྨ་སྒར་བྲིས་ནི། དུས་རབས16པའི་ནང་ལྷོ་ཁ་ཡར་སྟོད་དུ་སྐུ་འཁྲུངས་པའི་ཡར་སྟོད་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཀྱིས་སྐུ་ན་གཞོན་དུས་ཨེ་ལ་བྱོན་ནས་ལྷ་བྲིས་མཁས་ཅན་ཨེ་པ་སྐལ་ལྡན་ཤར་ཕྱོགས་པ་དཀོན་མཆོག་ཕན་བདེའི་དྲུང་ནས་སྨན་བྲིས་ཀྱི་ལག་རྒྱུན་བསླབས་པས་ཁོང་དུ་ཆུད།  

སྐབས་དེར་ཀརྨ་སྒར་ཆེན་གྱི་འཕྲིན་ལས་རྒྱས་པའི་དུས་ཡིན་པ་དང་ཀརྨ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་བླ་མར་བསྟེན་ནས་གདམས་ཆོས་མང་དུ་གསན་པ་དང་། བླ་མའི་དྲུང་དུ་བཞུགས་རིང་གོང་མ་ཡུང་ལོའི་སྐབས་སུ་བྲིས་པའི་ཀརྨ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པའི་ཉིན18ཀྱི་ངོ་མཚར་གནས་ཚུལ་དངོས་བཀོད་པའི་རྒྱ་སྲོལ་གྱི་ཞིབ་བྲིས་རི་མོ་ཉིན་ཐང་ཚོན་བྲིས་མ་ཡུག་དྲིལ་ཆེན་མོ་མཇལ་བའི་གོ་སྐབས་བྱུང་བ་སོགས་ལ་ཉམས་ཞིབ་གནང་སྟེ།  

ངོ་མཚར་བའི་སྒྱུ་རྩལ་རིག་གནས།
ངོ་མཚར་བའི་སྒྱུ་རྩལ་རིག་གནས།

    རུས་ཚུགས་རྒྱ་གར་ལི་མ་དང་སྨན་ཐང་ལུགས་ཟུང་འབྲེལ་བྱེད་པའི་འབྲི་སྲོལ་རྒྱུན་འཛིན་ཐོག  ཉིན་ཐང་ཡུག་དྲིལ་ཆེན་མོའི་རྒྱ་སྲོལ་ཞིབ་བྲིས་རི་མོའི་ནང་གི་ཕོ་བྲང་དང་། བྲག་རི། ཆུ་རྒྱུན། ལྗོན་ཤིང་མེ་ཏོག་ལ་སོགས་པའི་ཡུལ་ལྗོངས་ཀྱི་བཀོད་པའི་ལེགས་ཆ་བླངས་ཀྱང་ཚོན་མདངས་ཐད་མི་རིགས་ཀྱི་ཉམས་འགྱུར་མི་ཉམས་པའི་ཐོག་ནས་ཀརྨ་སྒར་བྲིས་ཀྱི་ལུགས་གསར་དུ་གཏོད་པའོ།།

ངོ་མཚར་བའི་སྒྱུ་རྩལ་རིག་གནས།
ངོ་མཚར་བའི་སྒྱུ་རྩལ་རིག་གནས།
ངོ་མཚར་བའི་སྒྱུ་རྩལ་རིག་གནས།

      ཀརྨ་སྒར་བྲིས་ཀྱི་རི་མོའི་ཁྱད་ཆོས། ཕྱི་ཚུགས་སྨན་ལུགས་དང་ཡུལ་ལྗོངས་འདྲ་བྲིས། བྲག་རི་ཚོན་ཆེན་འདྲ་མིན་གྱིས་བཟོས་པ། སྐུ་ཅུང་ཆུང་ཞིང་ཡུལ་ལྗོངས་ཁང་བཟང་སོགས་ཆེ་ཞིང་ས་སྟོང་ཆེ་བ་སོགས་ཡིན། སྒར་ལུགས་དངོས་ནི་མཚུར་ཕུ་དགོན་གྱི་རྒྱལ་བ་ཀརྨ་པའི་འཁྲུངས་རབས་ཞལ་ཐང་རྣམས་སོ།


 


  • ལེ་ཚན་སྔོན་མ།:བོད་ཀྱི་འཁོར་ལོའི་རིགས།
  • ལེ་ཚན་རྗེས་མ།:དྲི་བསུང་འཐུལ་བའི་ལོ་ངོ་སྟོང་གི་ལག་རྩལ།
  • དོ་སྣང་ཆེ་བའི་རྩོམ།