འཛམ་གླིང་ན་གཅིག་ལས་མེད་པའི་སྟག་ལྤགས་བརྒྱ་ཡི་གུར་ཆེན།

ངེད་འཕྲིན་སྟེགས་ཀྱི་གསར་འགོད་པས།        2017-10-11

འཛམ་གླིང་ན་གཅིག་ལས་མེད་པའི་སྟག་ལྤགས་བརྒྱ་ཡི་གུར་ཆེན།

འཛམ་གླིང་ན་གཅིག་ལས་མེད་པའི་སྟག་ལྤགས་བརྒྱའི་གུར་ཆེན་ནི་དཀར་མཛེས་ཁུལ་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པ་རེད། མཚོ་འགྲོན་ཤན་པའི་སྟག་ལྤགས་ཀྱི་གུར་ཆེན་ཏོག་གོར་མ་ལ་སྟག་ལྤགས་བསྡོམས་འབོར༡༠༨ཡོད། སྤྱི་ཁོག་ནི་ཟླ་གམ་དབྱིབས་ཀྱི་གུར་གཅལ་གཉིས་དང་གྲུ་བཞི་ཅན་གྱི་གུར་ངོས་བཞི་སྟེ་ཁག་དྲུག་ལས་སོག་གུར་ཞིག་གྲུབ་ཡོད། དེའི་ཐོག་ལ་མཚོ་འགྲོན་ཤན་ནས་མཛེས་རྒྱན་དུ་བཀོད་པ་དང་། གུར་གྱི་ཁོག་གཞི་ནི་སྟག་ལྤགས་གཙོ་བོར་བྱས་ཐོག་བར་དུ་གཟིག་ལྤགས་དང་སྲམ་ལྤགས། རྔ་མོང་གི་པགས་པ་སོགས་ཡོད་ཅིང་སྲིང་རས་དམར་པོས་ནང་ཤན་བརྒྱབ་ཡོད།

འཛམ་གླིང་ན་གཅིག་ལས་མེད་པའི་སྟག་ལྤགས་བརྒྱ་ཡི་གུར་ཆེན།

འཛམ་གླིང་ན་གཅིག་ལས་མེད་པའི་སྟག་ལྤགས་བརྒྱ་ཡི་གུར་ཆེན།

ལི་ཐང་རྫོང་གི་ལོ་རྒྱུས་དང་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆའི་ཚོད་དཔག་ལྟར་ན། གུར་ཆེན་འདི་ནི་སྦྱིན་བདག་ཆེན་པོ་བསྟན་འཛིན་ཆོས་རྒྱལ་གྱིས་ལི་ཐང་དགོན་པ་བྱམས་ཆེན་ཆོས་འཁོར་གླིང་ལ་ཕུལ་བ་ཡིན་ཞིང་། ཆོས་ལུགས་དང་ཆབ་སྲིད་ཀྱི་དོན་སྙིང་ཆེན་པོ་ཡོད། བསྟན་འཛིན་ཆོས་རྒྱལ་ནི་མིང་རྒྱལ་རབས་ཀྱི་མཇུག་དང་ཆིང་རྒྱལ་རབས་ཀྱི་འགོར་ཝུ་ལ་ཐེ་སོག་པོའི་ཧོ་སོ་ཐེ་སྡེའི་འགོ་གཙོ་སྟེ་གུ་ཤི་ཧན་ཡིན། ༡༦༣༨ལོར་གུ་ཤི་ཧན་ལྷ་སར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་མཇལ་དུ་སོང་བ་དང་། གུ་ཤི་བསྟན་འཛིན་ཆོས་རྒྱལ་ཞེས་པའི་མཚན་མིང་ཐོབ་པ་རེད། གུར་འདིར་གནམ་ས་ཟིལ་དུ་གནོན་ཐུབ་པའི་ནུས་མཐུ་ཡོད་པར་གྲགས་ཤིང་དུས་མཚུངས་སུ་ཐོབ་གོ་ས་དང་རྒྱུ་དབང་ཤུགས་ཀྱི་མཚོན་རྟགས་ཀྱང་ཡིན་ནོ༎ གཅིག་ནས་གཅིག་བརྒྱུད་དུ་མར་བྱས་རྗེས་འབུམ་ཡག་རྒྱལ་པོར་ཐོབ་པ་རེད། ཐན་པ་བྱུང་དུས་འབུམ་ཡག་རྩྭ་ཐང་དུ་གུར་ཆེན་ཕུབ་སྟེ་ཆར་སློང་བྱེད་སྲོལ་ཡོད་ལ། དུས་རྒྱུན་ཆོས་འདོན་དང་སྨོན་ལམ་སོགས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ་བར་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད།།

འཛམ་གླིང་ན་གཅིག་ལས་མེད་པའི་སྟག་ལྤགས་བརྒྱ་ཡི་གུར་ཆེན།

  • ལེ་ཚན་སྔོན་མ།:བོད་གུར་གྱི་བཟོ་ཐབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།