མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཉིང་རྡུལ་རྒྱ་ཡན་དུ་སོང་ནས་འཛམ་གླིང་གི་ཞི་བདེ་ལ་འཇིགས་ཉེན་ཐེབས་སྲིད་པའི་ཚུལ་བསྟན།

        2017-09-22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་དགུའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་མཐོ་རིམ་འཐུས་མི་དག་ལ་བཤད་རྒྱུར། དེང་སྐབས་འཛམ་གླིང་ཡོངས་ཀྱི་ཉིང་རྡུལ་མཚོན་ཆའི་སེམས་ཁུར་དེ་ལོ་རྒྱུས་སྟེང་ཆེས་མཐོ་བའི་ཆུ་ཚད་དུ་བསླེབ་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་ཉིན་དང་པོར་གཏམ་བཤད་སྤེལ་ཏེ། ཉིང་རྡུལ་མཚོན་ཆའི་འཇིགས་ཉེན་ནི་རྟོགས་དཀའ་བ་དང་མཐོང་དུ་མེད་པ་ཞིག་མ་ཡིན་པར་མི་ཁྲི་སྟོང་མང་བོས་ཁྲའོ་ཞན་གྱི་ཉིང་རྡུལ་འཕུར་མདའི་ཚོད་ལྟའི་འཇིགས་ཉེན་ཁྲོད་འཚོ་བ་རོལ་བཞིན་ཡོད་ཟེར། གནས་བབ་ཛ་དྲག་ཏུ་སོང་བ་དང་བསྟུན་ནས། བརྡར་གཅོད་ལ་ནོར་འཁྲུལ་འབྱུང་བའི་གོ་སྐབས་ཇེ་མང་དུ་འགྲོ་སྲིད་ཟེར།

ཁོས་བཤད་རྒྱུར། ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པའི་གནད་དོན་དེ་ངེས་པར་དུ་ཞི་བའི་སྒོ་ནས་ཐག་གཅོད་བྱེད་དགོས་པ་དང་། ཉིང་རྡུལ་ནུས་པ་རྒྱ་ཡན་དུ་བཏང་བའི་འཇིགས་ཉེན་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན་ལ། དམག་དཔུང་ཉུང་འཕྲིའི་འཕེལ་རིམ་ཡང་འབྲས་མེད་དུ་གྱུར་ཡོད་ཟེར། ཁོས་རྒྱལ་ཁབ་ཚང་མས་འཛམ་གླིང་ཡོངས་སུ་ཉིང་རྡུལ་རྫས་འགྱུར་མེད་པའི་དམིགས་འབེན་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཉིང་རྡུལ་ནུས་པ་ཡོད་པའི་རྒྱལ་ཁབ་དག་གིས་ཐོག་མར་མ་དཔེ་སྟོན་པའི་འགན་འཁྲི་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་ཉིང་རྡུལ་ནུས་པ་རྒྱ་ཡན་དུ་འགྲོ་བ་དང་། འཇིགས་སྐུལ་རིང་ལུགས། འཁྲུག་རྩོད། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ལ་གཏོར་བརླག་གཏོང་བ། ནམ་ཟླའི་འགྱུར་ལྡོག སྤྱི་ཚོགས་འདྲ་མཉམ་མིན་པ། ལག་རྩལ་གསར་གཏོད་གང་འདོན་དུ་བཀོལ་བ། སྡོད་དམངས་གནས་སྤོར་སོགས་དེང་སྐབས་འཛམ་གླིང་གི་མདུན་དུ་ལྷགས་པའི་འཇིགས་ཉེན་དང་འགྲན་རྩོད་གཙོ་བོ་ཡིན་པས། རྒྱལ་ཁབ་སོ་སོས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་མཉམ་དུ་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།


  • ལེ་ཚན་སྔོན་མ།:སིང་ག་ཕོར་གྱི་བུད་མེད་ཙུང་ཐུང་ཐོག་མ་བདམས་ཐོན་བྱུང་།
  • ལེ་ཚན་རྗེས་མ།:ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་པར་ངོ་རྒོལ་བྱས།
  • དོ་སྣང་ཆེ་བའི་རྩོམ།