ཐོག་མའི་བརྩེ་དུང་།

ལི་སྨད་ཉི་གཞོན། (དཀར་མཛེས།)        2017-09-04

  ཐོག་མའི་བརྩེ་དུང་།

  རི་གྲོང་འདིར་ཉིན་མཚན་འགར་ཁ་བ་བབས་ནས་རི་ལུང་ཐང་གསུམ་དཀར་ཐང་ཐང་དུ་གྱུར་ལ། གུག་འཁྱོག་དང་སྐོང་འབུར་མང་བའི་ང་ཚོའི་སྡེ་བའི་གཞུང་ལམ་ལ་དར་ཆགས་ནས་རྐང་ཐང་ཡང་ལམ་ལ་འགྲོ་དུས་ཤིན་ཏུ་ཐར་དཀའ། ཁ་བ་དེས་འགྲིམ་འགྲུལ་ལ་བཀག་འགོག་ཆེན་པོ་བཟོས་སྟབས། གྲོང་སྡེ་འདིའི་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་མཁྱེན་རབ་ཀྱིས་རྙིང་རལ་དུ་སོང་བའི་སྟོད་གོས་ནག་པོ་ཞིག་གྱོན་ནས་གོམས་ལོབས་སུ་སོང་བ་ལྟར་གྲོང་སྡེའི་སློབ་གྲྭའི་སྒོ་འགྲམ་དུ་ཡར་འགྲོ་མར་འགྲོ་ཐེངས་འགར་བྱས་ནས། རོ་གནམ་བོ། དེ་རིང་ཡང་མི་ཐར་ཀི་ཟེར་བཞིན་ཁ་བར་སྡིགས་དམོད་བྱེད་ཞོར་རང་གི་ཁང་བར་གཏད་དེ་བུད་སོང་། ཁོས་དེ་རིང་ཡང་ཟེར་དོན་ནི་ཉིན་འགའི་སྔོན་དགོན་པའི་སྒྲིག་ལམ་ལྟར་མང་ཚོགས་ནང་ནས་མི་འགའ་རེས་དགེ་བཅུ་སྲུང་སྐྱོབ་ཚོགས་པར་རོགས་བྱས་ནས་མཚན་གང་བོར་བཤས་ཚོང་མཁན་དག་འཛིན་པར་འགྲོ་དགོས། ཁོ་ནི་དེའི་ནང་གི་གཅིག་ཡིན་པས།ཉིན་འགར་རང་ཁ་གསོ་བྱེད་ཀྱི་ལས་ཀ་མ་འགྲུབ་པར་སྐྱོ་སྣང་ཞིག་གིས་ཁེངས་འདུག  ད་ནི་གྲོང་བར་འདིར་དཔེ་ཁུག་ཆུང་ཆུང་ཁུར་བའི་སློབ་མ་རེ་དང་ལག་རྟེན་བཟུང་བའི་དགེ་བསྙེན་རྒན་པ་རེ་མ་གཏོགས་མི་གཅིག་ཀྱང་མི་འདུག  སློབ་ཐུན་དང་པོ་གྲོལ་སོང་ཕལ་ཆེར་དུས་ཚོད་བཅུ་ཙམ་ལ་སླེབས་འདུག ང་ཚོའི་སློབ་གྲྭར་ངེས་གཏན་གྱི་ཚོགས་རྒྱུ་དང་གྲོལ་རྒྱུ་ཅི་ཡང་མེད།དགེ་རྒན་གསར་བུ་ཚོས་མཚན་གང་བོར་ཆང་འཐུང་ནས་ཤོ་བརྒྱབ་པ་དང་།བུད་མེད་ཚོས་ཉི་གློག་གིས་གཏོང་བའི་བརྙན་འཕྲིན་དག་ལ་བལྟས་ནས་མཚན་སྐྱེལ་གྱིན་ཡོད་སྟབས།སྔ་མོ་ནམ་སད་ན་དེའི་སྐབས་སུ་འཚོགས་པ་ཡིན།ཐེངས་རེར་ཉིན་གང་བོར་དགེ་རྒན་མེད་པར་ང་ཚོས་བུ་མོ་ཚོར་སྒོ་སྲུང་དུ་བཅུག་ནས་ལྕགས་ཐབས་བསྐོར་ནས་ཤོ་བག་རྩེ་བ་ཡིན།ཕྱིར་འདང་རེ་བརྒྱབ་ན་སྐབས་དེར་ང་ཚོས་དེང་སང་གི་སློབ་ཆེན་གྱི་འཚོ་བ་དངོས་དེ་རོལ་ཐུབ་ཟིག མཁའ་དབྱིངས་ནས་ཉི་མ་གཞོན་ནུའི་འོད་མདངས་དྲོད་ལམ་ལམ་དུ་འཚེར་བས།ཉིན་འདི་དག་གི་ཁ་བ་ནི་ཅིག་ཅར་དུ་ཞུ་འགྲོ་བའི་སྣང་བ་སྟེར་བྱུང་།ང་ཚོའི་སྡེ་བར་མཚོན་ན་ཆེད་དུ་རླངས་འཁོར་ས་ཚིགས་ཟེར་བ་ཞིག་མེད་པས།མི་མང་པོ་འདུ་ས་གཙོ་བོ་ནི་སློབ་གྲྭའི་རྒྱ་སྒོ་ཡིན།དེའི་ཕྱིར་སློབ་གྲྭའི་སྒོ་ཁ་ནི་སྡེ་བའི་རླངས་འཁོར་ས་ཚིགས་སུ་གྱུར་ཡོད།  སྐབས་དེར་བོད་ལྭ་སྲབ་བུ་གྱོན་ཅིང་ཝ་ཞྭ་གྱོན་པའི་བུད་མེད་གཞོན་ནུ་ཞིག་ཨ་ཞང་རྡོ་རྗེ་དང་འགྲོགས་ནས་སློབ་གྲྭའི་རྒྱ་སྒོར་ཐོན།ཕར་བལྟས་ན་ཁོང་གཉིས་ནི་རླངས་འཁོར་བཙལ་ཏུ་འོང་བ་ཤེས་ཐུབ། ཅུང་ཙམ་འགོར་རྗེས་ཁོང་གཉིས་ཀྱང་ཡིད་ཆད་པའི་ངང་ནས་ཕྱིར་ཁྱིམ་ལ་བུད་སོང་། སྐབས་དེར་ང་ནི་ལོ་རིམ་དྲུག་པའི་སློབ་མ་རགས་གྲས་ཤིག་ཡིན། ན་ཚོད་ཀྱང་མི་ཆུང་བས་ནམ་རྒྱུན་སྡེ་བའི་ཕོ་གསར་ཚོ་དང་ལྷན་དུ་མཚན་འཁྱམས་ལ་གང་མང་སོང་མྱོང་མོད། འོན་ཀྱང་བརྩེ་དུང་གི་འཚོ་བ་དངོས་སམ་ལུས་འབྲེལ་གྱི་བྲོ་བ་དག་མ་ཞིག་མྱོང་ཐུབ་མིན་ང་ལའང་གསལ་ཆ་དོད་པོ་མེད།

  མཚམས་འདིར་ངས་ཁྱེད་ཅག་ཀློག་པ་པོ་རྣམས་ལ་ང་མཚན་འཁྱམས་ལ་སོང་རབས་འགའ་བཤད།

  ཉིན་ཞིག་སྐལ་པོས་ང་ཁྲིད་ནས་མཚན་འཁྱམས་ལ་སོང་། ཁོས་བཤད་ན་བུ་མོ་ཞིག་ལ་འགྲོགས་བཟང་(༡)བྱེད་ཐུབ་དེས།ཕྱིར་ཉིན་རྩམ་པ་ཅ་ནེ་གསུམ་ཡན་ཆད་ཟ་ཐུབ་ཞེས་ཟེར།འུ་གཉིས་བཀྲ་ཤིས་ཚང་གི་སྒོ་འགྲམ་ནས་ཁྱི་རྒན་ཁྲ་རིལ་དང་བརྩད་བརྩད་མཐར།སྐལ་པོས་ཁྱི་ཁ་བླངས་ནས་ང་ཁོ་ཚང་གི་བུ་མོ་སློག་(༢)ཏུ་སོང་།སྐབས་དེར་གློ་བར་ཏུ་ང་ལ་དངངས་སྐྲག་ཅིག་སྐྱེས་བྱུང་།དེ་ནི་སྔོན་ཆད་སློབ་གྲོགས་ཚོར་བུ་མོ་ཞིག་གི་མིང་ཤེས་ཚོད་དེ་འགྲོགས་བཟང་དུ་བརྩི་བའི་ཧམ་གཏམ་དེ་ལས།དོན་དངོས་སུ་བུ་མོ་ཇི་ལྟར་སློག་དགོས་པ་མི་ཤེས།གང་ལྟར་ཡང་སྦྲའི་སྒོ་ཡོལ་གྱི་འོག་ནས་སྐར་ཆ་སུམ་ཅུ་ཙམ་ལ་བསྡད་དེ་ཕྱིར་སོང་།སྐལ་པོས་བུ་མོ་དེས་ཅི་ཟེར་ཞེས་དྲིས་བྱུང་།

མོས་ང་ཤེས་ཐལ།ང་ལ་དགའ་རབས་ཀྱང་མང་པོ་བཤད་གི་ངས་ཁྱོད་སྒོ་ན་གྲང་གི་འདོད་ནས་ཐེངས་གཅིག་ལ་རྩེ་ནས་བུད་ཡོང་བ་ཡིན། ཡ་་་དེ་ན་ཁྱོས་ཁྱི་ཁ་ལོང་དང་ང་གཅིག་འགྲོ།

ང་འདར་ཞོར་དུ་ལག་གློག་བཟུང་ནས་ཁྱི་ཁ་བླངས་བ་ཡིན།ནམ་དཀྱིལ་ཙམ་ཞིག་ལ་ང་རང་ལྕི་བོང་ཞིག་གི་འགྲམ་ནས་གཉིད་ལ་རོལ་སོང་།ནམ་སྨད་ཙམ་ལ་ཁོས་ང་བཙལ་ནས་འུ་གཉིས་ཁྱིམ་ལ་ཆས།

ཕྱི་ཉིན་སྔ་མོ་ནངས་ཇ་བསྐོལ་ཞོར་དུ་མདང་དགོང་གི་དོན་དག་རྣམས་ཡང་བསྐྱར་གླེང་བ་ཡིན། ངའི་སེམས་སུ་འགྲོགས་བཟང་ཡོད་དུས་རྩམ་པ་ཅ་ནེ་གསུམ་ཟ་དགོས་པ་བརྗེད་ག་ལ་ཡོད།ཁོས་ང་ལ་ཡིད་ཆེས་ལ་མ་ཆེས་བའི་སྐད་ཆ་མང་ཙམ་བཤད་སོང་།འོན་ཀྱང་ངས་ཁ་ཡ་མ་བྱེད་པར་མགྱོགས་མྱུར་ངང་རྩམ་པ་ཅ་ནེ་གསུམ་དེ་བདེན་རྟགས་ཤིག་གི་ཚབ་དུ་ཟོས་པ་ཡིན།

    ཡང་ཉིན་ཞིག་ལ་གྲོང་ནང་གི་གསར་བུ་སྐོར་ཞིག་ལྷན་དུ་འཛོམས་ནས་ཕན་ཚུན་བར་བརྩེ་འབྲེལ་གྱི་སྐོར་ནས་ཁ་བརྡ་བཤད་ཀྱིན་འདུག ཁོ་ཚོས་ནུབ་རེར་ཐེངས་བརྒྱད་དང་དགུ་རེ་ཐུབ་གི་ཞེས་བཤད་ཀྱིན་འདུག  དགོང་མོ་དེར་ང་ལྷུན་འགྲུབ་དང་འགྲོགས་ནས་མཚན་འཁྱམས་ལ་སོང་།སྐབས་དེར་ཁ་བ་ལྷབ་ལྷུབ་བབས་ནས་ལ་ལུང་ཐམས་ཅད་དཀར་ལམ་ལམ་དུ་གྱུར་འདུག གྲང་ངར་གྱིས་གཙེས་པའི་དགུན་གཞུང་འདིར་རྒྱང་རིང་རྒྱང་རིང་ཞིག་ན་སྒོ་ཁྱིའི་གཅུང་སྐད་རེ་ཟུང་ལས་གྲག་འགུལ་ཅི་ཡང་མེད།གོ་ཐོས་སུ་ལྷ་མཚོས་བྱིས་པ་ཆུང་ཆུང་མང་པོར་བརྩེ་འབྲེལ་བྱེད་དུ་བཅུག་མྱོང་བ་དང་།མོས་བཤད་ན་བྱིས་པ་ཚོར་བརྩེ་འབྲེལ་བྱེད་པ་ནི་རང་ལ་བྱིས་པ་མི་ཆགས་པར་འདོད་པ་ཡང་ཚིམ་བྱེད་ཀྱི་ཐབས་མཆོག་ཡིན།དངོས་གནས་སྐབས་དེར་ང་ཚོའི་ཕ་ཡུལ་ན་འཆར་ལྡན་བུ་སྐྱེས་ཀྱི་བཅའ་ཁྲིམས་ཅི་ཡང་མེད་པས།འབྲོག་པ་ཚོས་གང་འདོད་འདོད་དུ་བྱིས་པ་སྐྱེས་ལ།བུ་མོ་ཆུང་ཆུང་ཚོས་ཀྱང་གནས་ལ་མ་སོང་བར་མངལ་ཆགས་ནས་ཨ་ཕ་སུ་ཡིན་མི་གོ་བ་སོགས་ཤིན་ཏུ་མང་ན་ཡང་།ལྷ་མཚོ་ནི་དེ་དག་གི་བསམ་བློའི་ར་བ་ནས་བུད་དེ།རང་ཉིད་ལ་དབང་བའི་མ་འོངས་པའི་གཞིས་ཁྱིམ་སྐྱིད་པོ་ཞིག་ལ་རོལ་བར་འདོད་པ་ལས།ན་ཆུང་སྐབས་ནས་རང་ཉིད་སྐྱག་དོང་དུ་འཕེན་པའི་བསམ་པ་ཡེ་ནས་མེད།སྤྱིར་ཆུ་འབུར་ས་ཡིས་མི་ཁོགས།།འདོད་ཆགས་ཕ་མས་མི་ཁོགས།།ཞེས་པའི་དཔེ་ལྟར་མི་རྣམས་ན་ཚོད་ངེས་ཅན་ལ་ཐོན་དུས་བརྩེ་འབྲེལ་བྱེད་འདོད་པ་ནི་རྒྱུན་ལྡན་ཞིག་ཀྱང་ཡིན་ཕྱིར་ལྷ་མཚོས་བྱིས་པ་ཆུང་ཆུང་ཚོར་བརྩེ་འབྲེལ་བྱེད་པའང་གནས་ལུགས་ལྡན་པ་ཞིག་ལོས་ཡིན།  འུ་གཉིས་ལྷ་མཚོ་ཚང་གི་སྒོ་འགྲམ་དུ་ཐོན་དུས།ལྷུབ་འགྲུབ་ཀྱིས་ང་ལ་ཁྱོོད་ཀྱིས་ལྷ་མཚོ་སློག་དང་ངས་བཀྲ་མཚོ་སློག སུ་མ་མགྲིམ(༣)ན་སྒོ་ནས་སྒུག་རྒྱུའི་གྲོས་བྱས།དེ་ནས་འུ་གཉིས་རྐང་འཇབ་ལག་འཇབ་ངང་རང་རང་གི་འཚོལ་བྱའི་དངོས་པོ་དེ་བཙལ་བར་ཆས། སྟབས་ལེགས་པ་ཞིག་ལ་ལྷ་མཚོས་རུམ་ན་སུ་མི་འདུག ངས་འདར་ཞོར་དུ་མོ་ལ་ཁ་བརྡ་བྱེད་པའི་མགོ་བརྩམས་ལ།དེ་སྔོན་བདག་གིས་ཐོས་པའི་སྐད་ཆ་ལ་བདེན་དཔང་བྱེད་པ་ལྟར་ཁ་བརྡ་ཅུང་ཙམ་གློད་རྗེས་གོང་ཁ་ཕྱེ་ནས་ང་རུམ་སོང་།ང་ལ་དགའ་བ་དང་སྐྲག་པ་གཉིས་ལྡན་གྱི་ཚོར་བས་ལུས་ཡོངས་ལ་དྲོད་རྒྱས་ནས་རྔུལ་ཆུ་བཞུར་བྱུང་།འོན་ཀྱང་མོ་ལ་གོམས་ལོབས་སུ་སོང་བ་བཞིན་ང་རང་གྲུ་ཁུག་ཏུ་བཟུང་ནས་འོ་བྱས་ལ།དལ་མོར་སྟེང་ལ་ཕུད་ནས་བརྩེ་བར་རོལ་སྟངས་བསླབས་སོང་།ང་ཡང་དངངས་སྐྲག་ལས་ཐར་དེ་ཕྱིར་འདང་ཞིག་བརྒྱབ་པ་ན་ཁ་སང་གསར་བུ་ཚོའི་སྐད་ཆ་དག་ཡིད་ལ་འཁོར་བྱུང་། གཅིག གཉིས་

 ་་་་་་ཉི་ཤུ་་་་་་སུམ་ཅུ། ངོ་མ་ང་ནི་གསར་བུ་ཁོ་ཚོ་ལས་ཀྱང་ངར་གི། ཡིད་མགུ་བའི་ངང་ནས་སྒོར་བུད་པ་ན།ལྷུན་འགྲུབ་འཁྱག་འདར་ཤིག་ཤིག་ངང་ང་བསྒུག་འདུག ངས་ཁོ་ལ་ཁ་སང་གི་གསར་བུ་ཚོས་བཤད་པ་དང་ངའི་དངོས་ཡོད་ལོ་རྒྱུས་སོགས་རྒྱས་བཤད་བྱས་ནས་ཁྱིམ་ལ་ལོག

  ད་དུང་མང་ཙམ་ཡོད་ཀྱང་ཕལ་ཆེར་ཁྱེད་ཅག་ཀློག་པ་པོ་རྣམས་ཀྱིས་ཡིད་ལ་འཆར་ཐུབ་པས་འདི་ནས་དེ་རིང་གི་དོན་དངོས་བཤད་པར་བྱ།  སློབ་ཐོན་ཚོགས་སོང་།ངའི་རྣམ་ཤེས་ད་དུང་སློབ་ཁང་ནང་ལ་ཐོན་མེད་པར་ད་ཅི་བུ་མོ་དེས་རྒྱབ་གཟུགས་ལ་ཆགས་ནས་ཡོད། དགེ་རྒན་ཧོང་ནི་ངའི་རྒྱ་ཡིག་དགེ་རྒན་ཡིན།ཁོས་བཀལ་ཐུག་ཅ་ནེ་གང་ཟ་ཞོར་དུ་སློབ་ཁང་ལ་སླེབས་བྱུང་།ཁ་ནས་བཀལ་ཐུག་དང་ཚོད་དཀར་གྱི་སྣེ་དྲུད་ཞོར་ཚང་རྩིས་བྱས་སོང་།ཡ་་དེ་རིང་ཡང་དོན་ཁོ་མི་འདུག ཁོས་མནའ་མ་བླངས་ནས་ཁྱིམ་ལ་བུད་སོང་ཟེར་བ་ངོ་མ་བདེན་ས་རེད།བྱིས་པ་འདི་ཚོ་ཟེར་ཞོར་ཅུང་ཙམ་བགད་དེ་ཅ་ནེ་ཁྲིད་ཅོག་གི་སྟེང་ལ་བཞག་ནས་ཡི་གེ་ཁ་ཕྱེ་དེ་དཔེ་ཁྲིད་བྱེད་མགོ་བརྩམས།  ང་དོན་ཁོའི་བྱ་བ་ལ་རྗེས་སུ་ཡི་རང་སྐྱེས་འུ།སློབ་གྲྭར་འགྲིམས་ན་ཡོད་ཚད་མི་ཆོག་རྒྱུ་དག་དག་ལས་རང་ལ་དབང་བའི་འཚོ་བ་ཞིག་གཏན་ནས་མེད་ཁུ། ད་དུང་དགེ་རྒན་ཚོས་གཅར་རྡུང་དང་སྡིགས་དམོད།ཉེ་འབྲེལ་ཅི་ཡང་མིན་པའི་མི་འདི་ཚོས་གང་དགར་སྒྲིག་ལམ་དག་དག་བཞག་དེ་གཅར་རྡུང་བྱེད་པ་ལ་ང་གཏན་ནས་མི་འཐད།དེ་བས་སེམས་མཐུན་གྱི་མི་དེ་ཁྲིད་ནས་འབྲོག་ཐང་ཞིག་ནས་འཚོ་བ་རོལ་ན་དེ་ནི་བདེ་སྐྱིད་ཀྱི་འཚོ་བ་ཞེས་པ་དེ་རེད། ཨོ་་་ད་དུང་དགེ་རྒན་ཏིན་གྱིས་ཁ་སང་ང་བརྡུང་བར་ལན་པོའང་འཕྲོད་གི། དེ་ལྟར་ཕུགས་བསམ་ཁོ་ནར་བསམ་བློ་བཏང་ནས་འཚོགས་ཐེངས་གཅིག་གྲོལ་སོང་།ངའི་སེམས་བཀྱགས་བྱུང་།དཔེ་ཁུག་ཁུར་ནས་སློབ་གྲྭའི་ལྟག་སྒོ་བརྒྱུད་དེ་ཨ་ཞང་རྡོ་རྗེ་ཚང་གི་ཕྱོགས་སུ་སོང་།ལམ་བར་གྱི་རྨེ་ཆུའི་འགྲམས་ནས་ཁ་ངོ་བཀྲུས་ལ།མགོ་ལ་མར་ནག་(༤)བྱུགས་དེ་སྣུམ་ཤིག་ཤིག་ངང་ཁོ་ཚང་ལ་སོང་།སྐབས་དེར་ང་ཚོར་སྐྲ་སྣུམ་ཞེས་པ་ཅི་ཡང་དར་མེད་སྟབས།ངས་ནམ་རྒྱུན་ཨ་ཕྱིའི་ཚ་ཚ་བར་བྱེད་ཀྱི་མར་ནག་དེ་དམ་བེ་ཆུང་ཆུང་ཞིག་གི་ནང་དུ་བརྐུས་ནས་འགྲོ་བཞིན་ཡོད།  ཨ་ཙི་བུ་མོ་དེ་གཏན་ནས་རིག་མ་མྱོང་ཟིག བཞིན་རས་པདྨ་དཀར་པོ།ཚེམས་ཕྲེང་དུང་ཕྲེང་སྒྲིག་འདྲ།སྐུ་ལུས་ཚིགས་དྲུག་སྨྱུག་མ།ལང་ཚོའི་འདབ་ལག་རྒྱས་པ།མིག་མདངས་ལས་མི་སེམས་འགུག་པའི་ན་ཆུང་གཞོན་མ་ཡིད་དུ་འོང་བ་ཞིག་འདུག ང་རང་ཁ་སྐྱེངས་ནས་ཅུང་ཙམ་ལུས་ལ།དེ་ནས་ཨ་ཞང་རྡོ་རྗེ་དང་ཁ་བརྡ་མང་ཙམ་བཤད་ཞོར་བུ་མོ་དེའི་ཕ་ཡུལ་སོགས་ཀྱང་ཤེས་སོང་།དགའ་འོས་པ་ནི་མོ་ངའི་ཉེ་རང་མ་རེད།མོ་ནི་ཨ་ཞང་རྡོ་རྗེའི་རྒན་མོའི་ཚ་མོ་རེད།ངས་ཁོང་ཚང་ནས་ནུབ་ཇ་འཐུང་ཞོར་དུ་བུ་མོ་དེར་ཁ་བརྡ་བཤད་པའི་གོ་སྐབས་མང་ཙམ་བཙལ། དུས་ཚོད་བཅུ་ཙམ་ལ་སླེབས་དུས་སྡེ་བའི་ནང་གི་གསར་བུ་མང་པོ་ཁོང་ཚང་ལ་བརྙན་འཕྲིན་ལྟ་བར་ཐོན།ང་ཚོའི་སྡེ་བར་མཚོན་ན་སློབ་གྲྭ་དང་ཨ་ཞང་རྡོ་རྗེ་ཚང་མ་གཏོགས་སུ་ལའང་བརྙན་འཕྲིན་མེད།ཨ་ཞང་རྡོ་རྗེ་ནི་སྔ་མ་དམག་ལ་འགྲོ་མྱོང་སྟབས་ཁོས་རྒྱ་ཡིག་རྒྱ་སྐད་ཤེས་པས།ནམ་རྒྱུན་རྒྱ་ནང་དུ་ཚོང་ལས་བྱེད་པར་འགྲོ་བས་ལོ་དེར་གློག་འདོན་འཕྲུལ་ཆས་ཤིག་དང་བརྙན་འཕྲིན་ཞིག་ཉོས་ཡོད།ཁོང་གི་ཆུང་མས་ནམ་རྒྱུན་མཚན་མོར་བརྙན་འཕྲིན་གཏོང་དགོས་ན་ཁོ་ཚོར་ལྟ་གླ་མ་བླངས་ན་སྣུམ་ཟད་པར་སེར་སྣ་ཤིན་ཏུ་ཆེ་ནའང་།ཨ་ཞང་རྡོ་རྗེ་ནི་ཕོ་ཤགས་(༥)ཤིག་ཡིན་པས་དེ་ལ་ཁ་ཡ་མི་བྱེད།

    ངས་མྱུར་སྷབས་ཀྱིས་ནུབ་ཇ་འཐུང་ནས་ཕྱི་རོལ་དུ་སོང་ལ།ཁོང་གི་ཁང་བའི་ཉེ་འགྲམ་ནས་ནམ་ཉལ་ལྐོག་ཉན་བྱས་ནས་བསྡད། ཁ་བ་དེའི་གྲང་རླུང་ལྷག་མ་ཞིག་ཁྱེར་ནས་ཐོན་འདུག དོ་དགོང་ང་ལ་མནར་གཅོད་གཏོང་བ་ལྟར།གྲང་ངར་གྱི་ཁྲོད་ན་མེལ་ཙེ་བཞིན་བསྡད་ཡོད། དུས་ཚོད་༡༡ཙམ་ལ་སླེབས་དུས་ཚང་མ་ཉལ་བར་ཆས་སོང་།ལམ་འགྲམ་ན་ཕོ་གསར་ལ་ལས་བུ་མོ་དེར་འགྲོགས་བཟང་བྱེད་དགོས་ཟེར་ཞོར་དུ་བ་རེ་འཐེན་ནས་ཡར་འགྲོ་མར་འགྲོ་བྱེད་ཀྱིན་འདུག ངས་ལྐོག་ནས་མོ་ཉལ་བ་མཐོང་མ་ཐག་ཏུ་སྒེའུ་ཁུང་བརྡུང་ནས་བུ་མོ་དེར་ང་ཡིན་རབས་བཤད་པ་ན།ཅུང་ཙམ་ནས་སྒོ་ཕྱེ་སོང་།ང་རང་ནང་དུ་འཛུལ་མ་ཐག་ཨ་ཞང་རྡོ་རྗེས་ཀི་སྒྲ་སྒྲོག་བཞིན་སྒོར་ཐོན།འོན་ཀྱང་སྐབས་དེར་མི་གཅིག་ཀྱང་ཕྱི་ན་མེད་པས་ཐབས་ཟད་དེ་ཕྱིེར་ཁྱིམ་ལ་བུད་སོང་། ང་ཚོས་ཕ་ཡུལ་གྱིས་ཕ་མ་རྒན་པོ་ལ་ལས་མཚན་འཁྱམས་པར་བོའུ་འཕངས་ནས་བདའ་སྲོལ་ཡོད་པས།མཚན་འཁྱམ་ལ་འགྲོ་བའང་ལས་སླ་མོ་ཞིག་གཏན་ནས་མིན། ཁང་སྟོང་དེའི་ནང་ན་ངེད་གཉིས་ཁེར་རྐྱང་ངང་བྱེའུ་ཞིག་ཁྲས་བདའ་བ་བཞིན་འཇམ་ཅག་གེར་དབུགས་ཧལ་ཧལ་དུ་འདོན་བཞིན་འདུག དེ་ནས་ཅུང་ཙམ་ལྷོད་ལ་བབས་དེ་ཕན་ཚུན་ལ་རྒྱུས་ལོན་བྱེད་མགོ་བརྩམས།མོས་བཤད་རྒྱུར།རང་ལོ་བཅུ་དྲུག་སྟེང་ནས་ཕ་རྒན་གྱིས་གཞན་ཞིག་ལ་མནའ་མར་བྱིན་སོང་།འདུག་འདོད་མེད་ནའང་ཕ་མའི་བཀའ་མ་བཅག་པར་བསྡད་པ་ཡིན། ད་ནི་རང་སེམས་དགའ་སའི་མི་ཞིག་འཚོལ་ན་འདོད་གི། ནམ་རྒྱུན་བརྩེ་བ་མེད་པའི་མི་ཞིག་དང་ལྷན་དུ་འཚོ་བ་རོལ་བ་ནི་སྡུག་བསྔལ་ཞིག་རེད་ཟེར་བཞིན་མཆི་མ་བཞུར་བྱུང་།ངས་ཀྱང་མོ་ལ་སེམས་གསོ་བྱེད་ཞོར་མ་འོངས་པར་ལས་དབང་ཡོད་ན་མཉམ་དུ་འཚོ་བ་རོལ་ཆོག་པའི་གཏམ་སྙན་མང་ཙམ་བཤད་དེ།ཕན་ཚུན་ལ་བརྩེ་འབྲེལ་རོལ། ཨ་ཙི……ངས་གཅིན་པ་ཤོར་སོང་། ངོ་ཚ་བའི་ལས་འདི་འདྲ་ཞིག་སྐྱེས་ནས་ད་བར་དུ་བྱེད་མ་མྱོང་། མགྱོགས་མྱུར་ངང་དོར་མ་བཟུང་ནས་འགྲོ་གྲབས་བྱེད་པ་ན།མོ་ནི་བརྩེ་བས་ར་བཟི་བར་གྱུར་ནས་ངའི་ལག་པར་བཟུང་ནས།ཅི་རེད་་བརྩེ་འབྲེལ་བྱེད་རྗེས་ང་མི་མཁོ་བ་ཨེ་རེད།ཁྱོད་ཚོ་ཕོ་གསར་ཚོ་དེ་འདྲའི་མི་སྡུག་པོ་རེད།ཟེར་བཞིན་ངུས་བྱུང་།ང་ཡང་ཅུང་ཙམ་ཞེད་ནས་མ་སོང་ན་ཡང་མི་འགྲིག་ལ།སོང་ནའང་མི་འགྲིག་པར་ཅུང་ཙམ་བསྡད།མོས་ངའི་ལག་པ་ཤུགས་ཀྱིས་འཐེན་ནས་ཉལ་དུ་བཅུག་སོང་། ང་དངོས་གནས་ངོ་ཚ་འུ།འོན་ཀྱང་འགྲོ་ཐབས་ཀྱང་མི་འདུག དེ་འདྲའི་ངང་ནས་མཚན་གཅིག་བསྐྱལ་བ་ཡིན།  ཕྱིར་ཉིན་མོ་རང་བུད་སོང་།ཉི་མ་དེས་ངེད་གཉིས་ཀྱི་བརྩེ་བའི་ལག་རྡང་བཅད་སོང་།མོས་ང་ལ་དྲན་རྟེན་དུ་འདྲ་པར་ཞིག་དང་ཕྲེང་བ་ཞིག་ཨ་ཞང་རྡོ་རྗེའི་ཆུང་མའི་ལག་ལ་བཞག་འདུག  ཉིན་དེ་ནས་བཟུང་ངས་ཁ་བ་འབབ་པར་རེ་སྨོན་བྱེད་བཞིན་ཡོད།རྒྱུ་མཚན་ནི་ཁ་བས་ང་ལ་བརྩེ་བ་གནང་བྱུང་། དགུན་དུས་ཀྱི་གྲང་ངར་དང་འགྲོག་པའི་དྲན་གདུང་དེས་ངའི་ཕྱི་ནང་གསང་གསུམ་ལ་མནར་གཅོད་ཚབ་ཆེན་ཞིག་བཟོས་པ་སུ་ཡིས་ཤེས།

གང་ལྟར་དེ་ནི་ལས་དབང་ཞིག་རེད།ལས་དབང་ལ་སུས་ཀྱང་བཟློག་པར་མི་ནུས་པས་ང་སྔར་བཞིན་སློབ་གྲྭར་འགྲོ་དགོས།

འགྲོགས་བཟང་།——ཕན་ཚུན་འགྲོགས་ནས་གྲོགས་བཟང་པོར་གྱུར་བ།

སློག——འབྲོག་ཁུལ་ནས་མཚན་མོར་ཕོ་གསར་རྣམས་དགའ་རོགས་འཚོལ་བར་འགྲོ་སྐབས་ཀྱི་གཏམ།

མགྲིམ། དགའ་རོགས་མང་པོ་སྒྲིག་ཐུབ་པའི་མི་ལའོ།

མར་ནག /དེང་དུས་ཀྱི་ཟན་སྣུམ་ལ་གོ།


  • ལེ་ཚན་སྔོན་མ།:རི་གྲོང་གི་མི་དང་ཁྱི།
  • ལེ་ཚན་རྗེས་མ།:གསེར་གྱི་ལྷ་དར།