ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་རྒྱས་འཛོམས་གྲོས་ཚོགས་དང་ལྟེ་བའི་སློབ་སྦྱོང་ཚོ་ཆུང་གི་གྲོས་ཚོགས་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2017-07-17

ཟླ་བ7པའི་ཚེས10ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ནས་ཁུལ་ཨུའི་རྒྱུན་ཨུའི་རྒྱས་འཛོམས་དང་ལྟེ་བའི་སློབ་སྦྱོང་ཚོ་ཆུང་གི་གྲོས་ཚོགས་འཚོགས་ཏེ་ཆེད་དོན་དུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་དང་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་བཀའ་སློབ་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ཤིང་བརྟག་དཔྱད་ཞིབ་འཇག་གནང་སྐབས་ཀྱི་བཀའ་སློབ་དང་གསུང་བཤད་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་འགན་འཁྲི་ལས་བགོས་ཇུས་གཞི་ལ་གསལ་བཤད་གནང་བ་རེད། ལིའུ་ཁྲེང་མིང་གིས་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ཝང་ཏུང་མིང་ཧྲུའུ་ཅི་ལགས་ཀྱི་བརྟག་དཔྱད་འཇུག་ཞིབ་གནང་སྐབས་ཀྱི་གསུང་བཤད་བཀའ་སློབ་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུའི་ཐད་ཐུགས་རེ་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་།ཁུལ་གྱི་འགོ་ཁྲིད་ལི་ཅང་དང་ཧྲེང་དབྱང་། ལའོ་ཀྲེན་ཧྭ། བྱམས་བློ། ཀྲང་ཕིང་ཧྲེང་། ཀྲའོ་པའོ། ལིའུ་ཅེ་ཞང་།  སུའུ་ཏ་ཁྲུན། སྐལ་བཟང་བཅས་གྲོས་ཚོགས་ནང་ཞུགས་ཡོད།

ལིའུ་ཁྲེང་མིང་གིས་བསྟན་དོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་རང་ཁུལ་དུ་ཕེབས་ནས་ལས་ཀར་བརྟག་དཔྱད་ཞིབ་འཇུག་དང་ཁྲིད་སྟོན་གནང་སྐབས་གྲོང་གསེབ་དང་དགོན་པ། ཞིང་པའི་ཁྱིམ་ནང་དུ་ཕེབས་ནས་རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དེ་ནི་ཞིང་ཆེན་ཏང་ཨུས་ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གནང་བ་མཚོན་པ་རེད། ཝང་ཏུང་མིང་གི་གསུང་བཤད་ནང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་འདུ་ཐེངས་བཅུ་གཅིག་པའི་དགོངས་དོན་དེ་དཀར་མཛེས་ཁུལ་ལ་དོན་ཐོག་འཁྱོལ་བར་སྐུལ་འདེད་གཏོང་བར་དམིགས་ནས་རང་ཁུལ་གྱི་ཉེ་བའི་ལོ་ཤས་རིང་གི་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་གནང་ཡོད་ལ། ཕྱིན་ཆད་དུས་སྐབས་ཤིག་གི་ལས་ཀ་ཁག་ལའང་བཀོད་སྒྲིག་མཛད་པ་རེད།

ལིའུ་ཁྲེང་མིང་གིས་ཐུགས་རེ་གནང་དོན། ཧྲུའུ་ཅི་ཝང་ཏུང་མིང་ལགས་ཀྱི་གསུང་བཤད་གལ་ཆེན་དང་བཀའ་སློབ་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་ལེན་དགོས། ངེས་ཤུགས་སྲུང་འཛིན་དང་དཀའ་སྤྱད་འགག་སྒྲོལ། སྲ་བརྟན་འགྱུར་མེད་བཅས་ཀྱིས་ཧྲུའུ་ཅི་ཝང་ཏུང་མིང་གི་གསུང་བཤད་གལ་ཆེན་དང་བཀའ་སློབ་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་པ་བྱ་དགོས། གཅིག་གྱུར་ཟུང་འབྲེལ་དང་འགན་འཁྲི་བཀྲིས་ཏེ་མཐའ་གཅིག་ཏུ་ལས་ཀ་ཁག་དོན་ཐོག་འཁྱོལ་བར་སྐུལ་འདེད་ནུས་ལྡན་གཏང་དགོས། དེང་སྐབས་ཀྱི་ལས་ཀར་ནན་འཛིན་བྱས་ནས་ལོ་འཁོར་ལས་ཀའི་དམིགས་འབེན་ལས་འགན་བདེ་བླག་ངང་གྲུབ་པར་རྨང་གཞི་སྲ་ཞིང་བརྟན་པ་ཞིག་འདིང་དགོས།

གྲོས་ཚོགས་དེས་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་འཚོགས་ཡོད། ཁུལ་གྱི་ཚོགས་པ་ཆེན་པོ་བཞིའི་འབྲེལ་ཡོད་འགོ་ཁྲིད་དང་ཁུལ་རིམ་པའི་སྡེ་ཁག་དང་སྲིད་འཛིན། ཁེ་ལས་དང་དོན་ལས་སྡེ་ཚན་གྱི་འགན་ཁུར་པ་གཙོ་བོ་ཚོགས་ར་གཙོ་བོར་ཞུགས་པ་དང་རྫོང་ཁག་གི་འགོ་ཁྲིད་གཙོ་བོ་དང་སྡེ་ཁག་གི་འགན་ཁུར་པ་ཡན་ལག་ཚོགས་རའི་ནང་ཞུགས་ཡོད།།    


  • ལེ་ཚན་སྔོན་མ།:མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།
  • ལེ་ཚན་རྗེས་མ།:ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་འཚོག་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།